ད་ལོའི་ལོ་སར་གྱི་སྐབས་སུ། གཟི་ཚ་སྡེ་དགུ་རྫོང་གིས་རྫོང་ཡོངས་ཀྱི་ཡུལ་ཤོག་གམ་གྲོང་རྡལ་17དང་། ཡུལ་ཚོ་120རུ་ལོ་གསར་གྱི་རིག་གནས་ཞེས་པའི་བྱ་འགུལ་སྤེལ་རྒྱུ་རེད། སྔོན་གྱི་ལས་ཁུངས་ནས་རིག་གནས་ཡུལ་ཚོའི་ནང་དུ་བསྐྱོད་པ་ནས་ད་ལྟའི་ཡུལ་ཚོའི་རིག་གནས་གྲོང་རྡལ་ནང་དུ་བསྐྱོད་པ་དེས། ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་པའི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏང་ངེས།།
ཁྲོ་ཆུ་རྫོང་གིས་ལོ་སར་བསུ་བ་དང་ལོ་སར་སྨོན་ཚིག་གནང་བ་ཞེས་པའི་བྱེད་སྒོ་སྤེལ།
སྤྱི་ཟླ་1པོའི་ཚེས་28ཉིན་གྱི་ཕྱི་དྲོར། ཁྲོ་ཆུ་རྫོང་གིས་ལོ་སར་བསུ་བ་དང་ལོ་གསར་སྨོན་ཚིག་གནང་བ་ཞེས་པའི་བྱེད་སྒོ་སྤེལ། ཡིག་གཟུགས་ལ་མོས་པ་དག་རྩ་འཛུགས་བྱས་ཏེ་སྨོན་ཚིག་བྲིས་ཏེ་རྫོང་དེའི་མང་ཚོགས་ལ་ལོ་སར་གྱི་སྨོན་འདུན་བསྐྱལ་པ་རེད།།