ཟླ་2ཚེས་2ཉིན་བོད་ལྗོངས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྗེ་འབུམ་སྒང་སྡེ་ཁུལ་དུ“ང་ཚོའི་དུས་ཆེན། དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར”ཞེས་པ་བརྗོད་བྱ་གཙོ་བོར་བྱས་པའི་མི་རིགས་ཁག་གིས་ལོ་གསར་བསུ་བའི་ལྷན་འཛོམས་འདུ་ཚོགས་འཚོགས་པ་དང་། སྡེ་ཁུལ་གྱི་བོད་རིགས་དང་། རྒྱ་རིགས། ཧུའེ་རིགས། ཡུ་གུར་རིགས་བཅས་ཀྱི་ལས་བྱེད་མང་ཚོགས་རྣམས་དགའ་སྤྲོའི་ངང་མཉམ་འཛོམས་ཀྱིས་འཚམས་འདྲི་ཞུ་རེས་དང་། ཅི་འཕྲོས་མོལ་འཕྲོས། སྒོར་གཞས་འཁྲབ་པ་བཅས་བྱས་ཏེ་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་ལ་མཉམ་དུ་བསུ་བ་ཞུས་པ་རེད།
ཟླ་2ཚེས་2ཉིན་གནའ་གྲོང་ལྷ་སའི་སྒོ་ར་ཆེན་པོ་ཞིག་ནང་མི་རིགས་ཁག་གི་གྲོགས་པོ་ཚོས་ལྷན་འཛོམས་ཀྱིས་ལོ་གསར་ལ་བསུ་བ་ཞུས་ཤིང་། འདི་ནི་ཚང་མར་ཕྱེ་མར་བཏེགས་པའི་གནས་ཚུལ་ཡིན་པ།
འདི་ནི་གནའ་གྲོང་ལྷ་སའི་སྒོ་ར་ཆེན་པོ་ཞིག་ནང་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་ལྷན་དུ་འཛོམས་ནས་ལོ་གསར་བསུ་བའི་སྒོར་གཞས་འཁྲབ་པའི་གནས་ཚུལ་ཡིན་པ།