སི་ཁྲོན་གྱིས་ཚན་རྩལ་ཞབས་ཞུའི་ལས་རིགས་ཀྱི་ཁྱབ་ཁོངས་ཆེན་པོ་བདུན་གཙོ་གནད་དུ་འཕེལ་རྒྱས་གཏང་བ་དང་། ལས་གཞི་ཆེན་པོ་བཞི་ལག་བསྟར་བྱ་རྒྱུ་གསལ་སྟོན་བྱས།
རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-16
སྤྱི་ཟླ་2པའི་ཚེས་14ཉིན། ཞིང་དཔོན་དབྱི་ལིས་ཞིང་ཆེན་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་ཐེངས་110པ་གཙོ་སྐྱོང་གནང་བ་དང་། འཚོ་བའི་རང་བཞིན་གྱི་ཞབས་ཞུའི་ལས་རིགས་དང་ཚན་རྩལ་ཞབས་ཞུའི་ལས་རིགས་འཕེལ་རྒྱས། སུས་འཇོན་དེ་འགུག་དང་སུ་འཇོན་དེ་ལེན་གྱི་ཆ་འཕྲིན་ཡོངས་བསྒྲགས། དྲ་སྦྲེལ་ཁྱབ་ཁོངས་ཀྱི་བཙན་གནོད་དང་རྫུས་མའི་བྱ་སྤྱོད་བཅོས་སྐྱོང་སོགས་ཀྱི་ལས་ཀའི་ཐད་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས།
ད་ཐེངས་ཀྱི་རྒྱུན་ལས་ཚོགས་འདུ་མ་འཚོག་གོང་། ཚང་མས་དགེ་རྒན་ཆེན་མོ་ལིའུ་ཞི་ལེའང་གིས་དྲ་རྒྱའི་དངུལ་རྩ་འཕེལ་རྒྱས་ཀྱི་ད་ལྟའི་གནས་བབ་དང་ཉེན་ཁ་དོགས་ཟོན་ཐད་ཀྱི་ཤེས་བྱ་འགྲེལ་བཤད་བྱས་པར་གསན་པ་རེད།