ཞིང་ཆེན་ཏང་ཨུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་འཚོགས།
《སི་ཁྲོན་མགྱོགས་མྱུར་ངང་སྐྱེ་ཁམས་དཔལ་ཡོན་འཛུགས་བསྐྲུན་བྱེད་པར་སྐུལ་སྤེལ་གྱི་ལག་བསྟར་ཇུས་གཞི།》དང་《སི་ཁྲོན་ཚན་རིག་ཞིབ་འཇུག་ཁང་དང་སའོ་ཡི་སྒྱུར་བཅོས་ཀྱི་སྤྱིའི་ཇུས་གཞི།》སོགས་ལ་གྲོས་ཞིབ་བྱས།
སྤྱི་ཟླ་2པའི་ཚེས་16ཉིན་གྱི་ཕྱི་དྲོར། ཞིང་ཆེན་ཏང་ཨུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་འཚོགས་ནས།《སི་ཁྲོན་མགྱོགས་མྱུར་ངང་སྐྱེ་ཁམས་དཔལ་ཡོན་འཛུགས་བསྐྲུན་བྱེད་པར་སྐུལ་སྤེལ་གྱི་ལག་བསྟར་ཇུས་གཞི།》ལ་གྲོས་ཞིབ་བྱས། 《སི་ཁྲོན་ཚན་རིག་ཞིབ་འཇུག་ཁང་དང་སའོ་ཡི་སྒྱུར་བཅོས་ཀྱི་སྤྱིའི་ཇུས་གཞི།》དང་《ཚན་རིག་ཞིབ་འཇུག་ཁང་དང་སའོ་ཡི་སྒྱུར་བཅོས་གཏིང་ཟབ་ཏུ་གཏང་བའི་ཚོད་ལྟའི་སྐུལ་འདེད་ཇུས་གཞི།》བཅས་ལ་གྲོས་ཞིབ་བྱས། ཁྱོན་ཡོངས་ནས་གཏིང་ཟབ་པའི་སྒོ་ནས་ཁྱིམ་ཐོའི་ལམ་ལུགས་བཅོས་སྒྱུར་དང་། ཞིང་ཆེན་ཡོངས་ཀྱི་གྲོང་རྡལ་ཅན་དུ་འགྱུར་བའི་ཆུ་ཚད་མུ་མཐུད་དུ་ཇེ་མཐོར་གཏང་བའི་སྐོར་གྱི་གནས་ཚུལ་སྙན་ཞུར་གསན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་གིས་ཚོགས་འདུ་ལ་གཙོ་སྐྱོང་གནང་།།