དཀར་མཛེས་ཀྱི་ཡུལ་སྐོར་དབུལ་སྐྱོར།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 02-19


    སྤྱི་ཟླ2པའི་ཚེས་15ཉིན། གསར་འགོད་པས་དཀར་མཛེས་ཁུལ་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོ་ནས་བཟུང་། ཁུལ་དེས་ལས་སྒོ་གསར་གཏོད་མཁན་ཆིག་སྟོང་གིས་ཡུལ་ཚོ་སྟོང་དང་དུད་ཚང་ཁྲི་སྣེ་ཁྲིད་བྱས་ཏེ་ཡུལ་སྐོར་དམངས་ཕྱུག་བརྒྱུད། ཕ་ཡུལ་དུ་ལོག་པའི་ཞིང་ལས་པ་དང་སློབ་ཆེན་མཐར་ཕྱིན་སློབ་མ། ཆེད་ལས་ལག་རྩལ་མི་སྣ་སོགས་ལ་སྣེ་ཁྲིད་དང་རྒྱབ་སྐྱོར་འོག་གྲོང་སྡེའི་ཡུལ་སྐོར་གཉེར་ནས་རང་འགུལ་གྱི་ལས་གཏོད་བྱེད་རྒྱུ་མངོན་འགྱུར་བྱེད་པ་དང་། ཁུལ་དེའི་ཡུལ་སྐོར་དབུལ་སྐྱོར་གྱི་དཔེ་སྟོན་ལས་གཞི་རབ་དང་རིམ་པ་བསྐྲུན་རྒྱུ་རེད།

    བདེ་བླག་ངང་སྐུལ་སྤེལ་བྱ་ཆེད། ཁུལ་དེའི་འཆར་གཞི་ལྟར་ན་དུས་མཉམ་དུ་རྒྱལ་ཡོངས་དབུལ་པོའི་གྲོང་ཚོའི་ཡུལ་སྐོར་དབུལ་སྐྱོར་ཚོད་ལྟའི་ལས་ཀ་ལག་བསྟར་བྱེད་པའི་འཆར་གཞི་ཡོད་ལ། ཡུལ་སྐོར་དབུལ་སྐྱོར་གྱི་དཔེ་སྟོན་ཁུལ་ཁག་ཅིག་གསར་སྐྲུན་བྱེད་པ་དང་། ཞིང་ཆེན་རིམ་པའི་ཡུལ་སྐོར་དབུལ་སྐྱོར་ཕྱོགས་བསྡུས་གསར་སྤེལ་ཁུལ་གསར་བསྐྲུན་བྱེད་པ་སོགས་ལག་བསྟར་བྱས་ཏེ་ཡུལ་སྐོར་རྣམ་གྲངས་བཀོད་སྒྲིག་དང་མ་དངུལ་ཁ་གསབ། དངུལ་རྩའི་རོགས་སྐྱོར་སོགས་ཀྱི་ཐད་ནས་གཙོ་གནད་དུ་རྒྱབ་སྐྱོར་བྱེད་རྒྱུ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1