སི་ཁྲོན་གྱིས་ད་ལོར་གཞོན་ནུ་ངལ་རྩོལ་པ་ཁྲི་15་ལ་ལག་རྩལ་གསོ་སྦྱོང་བྱེད་རྒྱུ་རེད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-22


  སྤྱི་ཟླ་2པའི་ཚེས་18ཉིན་གསར་འགོད་པས་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་ལྟར། ད་ལོ་རང་རེའི་ཞིང་ཆེན་གྱིས་མུ་མཐུད་དུ་ན་གཞོན་ངལ་རྩོལ་པའི་ལག་རྩལ་གསོ་སྦྱོང་བྱེད་སྒོ་རྩ་འཛུགས་དང་ལག་བསྟར་བྱེད་རྒྱུ་ཡིན་པ་དང་ན་གཞོན་ངལ་རྩོལ་པ་ཁྲི་15ལ་ལག་རྩལ་གསོ་སྦྱོང་བྱེད་རྒྱུ་རེད། གསར་དུ་མི་ཤུགས་ནུས་ཁུངས་ཁྲོམ་རར་བཞུགས་མཁན་གྱི་ན་གཞོན་ངལ་རྩོལ་པ་ལ་ལག་རྩལ་གསོ་སྦྱོང་བྱས་པ་བརྒྱུད་ནས་ལག་རྩལ་འཇོན་ནུས་མེད་པའི་ལས་ཞུགས་མེད་པར་གཏང་བ་དང་། ལས་གནས་སུ་ཡོད་པའི་ན་གཞོན་ངལ་རྩོལ་པར་གསོ་སྦྱོང་བྱས་པ་བརྒྱུད་ལས་རིགས་ལག་རྩལ་ཇེ་མཐོར་གཏང་རྒྱུ་རེད། 
  ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གི་འབྲེལ་ཡོད་མི་སྣས་ངོ་སྤྲོད་བྱས་པར་ལྟར་ན། མིག་སྔར་ལས་ཞུགས་གྲུབ་ཚུལ་རང་བཞིན་གྱི་འགལ་བ་དེ་སྔར་བཞིན་རང་རེའི་ཞིང་ཆེན་གྱི་ལས་ཞུགས་ལ་ཤུགས་རྐྱེན་ཐེབས་པའི་རྒྱུ་རྐྱེན་གཙོ་བོ་ཡིན་ལ། ན་གཞོན་ངལ་རྩོལ་བ་ལ་ལག་རྩལ་གསོ་སྦྱོང་བྱེད་པའི་བྱེད་སྒོ་སྤེལ་པ་དེའི་དམིགས་ཡུལ་ནི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གསར་སྐྱེས་ངལ་རྩོལ་པའི་ནུས་རྩལ་གསོ་སྦྱོང་ལ་སྔར་ལས་ཤུགས་སྣོན་བྱེད་པ། ལས་ཞུགས་གྲུབ་ཚུལ་རང་བཞིན་གྱི་འགལ་བ་ཞི་ལྷོད་དུ་འགྲོ་བར་སྐུལ་འདེད་གཏང་བ་དང་ཞིང་ཆེན་ཡོངས་ཀྱི་ལས་ཞུགས་ཀྱི་གནས་བབས་གཏན་འཇགས་ཡོང་རྒྱུ་དེ་ཡིན་པར་བསྟན། 
  ན་གཞོན་ངལ་རྩོལ་པའི་གསོ་སྦྱོང་སྦྱོང་བརྡར་བྱེད་སྒོ་སྤེལ་ཡུལ་ནི་ལས་ཞུགས་ཆེད་སྤྱོད་མ་དངུལ་གྱི་ཁ་གསབ་གཏན་འབེབ་དང་མཐུན་པ་དང་། ལོ་35མན་གྱི་མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་དང་།  མུ་མཐུད་དུ་སློབ་རིམ་འཕར་མེད་པའི་མཐོ་འབྲིང་དང་དམའ་འབྲིང་གི་མཐར་ཕྱིན་སློབ་མ། གྲོང་ཁྱེར་དང་གྲོང་རྡལ་དུ་ཐོ་འགོད་བྱས་ཡོད་པའི་ལས་ཤོར་མི་སྣ། གྲོང་གསེབ་ཀྱི་ལས་ཞུགས་གཞན་སྒྱུར་བྱས་པའི་ངལ་རྩོལ་པ་བཅས་ཡིན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1