ཁྲིམས་འགལ་གྱིས་ཉ་འཛིན་མཁན་ལ་རྡུང་རྡེག་བྱས་ཏེ་ཧིན་ཉི་ཡིས་ཕྱི་རྒྱལ་གྱི་ཉ་གྲུ་27གས་གཏོར་དུ་བཏང་།

རྣམ་དཀར་ལྷ་མོས་བསྒྱུར། རྩོམ་སྒྲིག་པ།རྣམ་དཀར་ལྷ་མོ།ཡོང་ཁུངས།ཞིན་ཧྭ་གསར་འགྱུར་དྲ་བ། སྤེལ་དུས། 02-24


          ས་གནས་དེ་གའི་དུས་ཚོད་དེ་སྤྱི་ཟླ་2པའི་ཚེས་22ཉིན། ཧིན་ཉི་ཡིས་རྒྱ་མཚོ་ཕྱི་རུ་ཕྱི་རྒྱལ་གྱི་ཉ་གྲུ་27གས་གཏོར་བཏང་ནས་དཔལ་འབྱོར་མཚོ་ཁོངས་ལ་བདག་སྐྱོང་བྱེད་པའི་ཆོད་སེམས་མཚོན་པར་བྱས། ཧིན་རྡུ་ཉི་ཞི་ཡའི་ཉ་ལས་པུའུ་ཀྲང་སུའུ་སི་ཡིས་བསྟན་རྒྱུར། ཐེངས་འདིར་གས་གཏོར་བཏང་པའི་ཉ་གྲུ་ལ་ཧྥི་ལི་ཕིན་དང་ཝེད་ནམ། མ་ལེ་ཞི་ཡ་དང་འབར་མ་བཅས་ཀྱི་ཉ་གྲུ་འདུ་ལ། སྲིད་གཞུང་གིས་ད་དུང་དེ་ལས་དྲག་པའི་བྱེད་ཐབས་སྤྱོད་དེ་རང་རྒྱལ་གྱི་མཚོ་ཁོངས་བདེ་འཇགས་ལ་ཁག་ཐེག་བྱེད་བཞིན་ཡོད་ཅེས་བསྟན།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1