ཞིང་ཆེན་སྲིད་གཞུང་གི་བདེ་འཇགས་ཨུ་ལྷན་གྱིས་2016ལོའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་འཚོགས།
རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-25
སྤྱི་ཟླ་2པའི་ཚེས་23ཉིན། ཞིང་ཆེན་སྲིད་གཞུང་གི་བདེ་འཇགས་ཨུ་ལྷན་གྱི་2016ལོའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་ཁྲེན་ཏུའུ་ནས་འཚོགས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་དབྱི་ལི་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་། ནན་ཏན་སྒོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སོགས་ཀྲུང་དབྱང་གི་འགོ་ཁྲིད་བློ་མཐུན་གྱི་འཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱེད་དགོས་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྐོང་འཚོགས་བྱས་པའི་རྒྱལ་ཡོངས་བདེ་འཇགས་ཐོན་སྐྱེད་ཀྱི་བརྙན་འཕྲིན་ཁ་པར་ཚོགས་འདུའི་བཀོད་སྒྲིག་དོན་འཁྱོལ་མཐར་ཕྱིན་བྱས་ནས། ཕྱོགས་ཡོངས་ནས་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་རང་རེའི་ཞིང་ཆེན་གྱི་བདེ་འཇགས་ཐོན་སྐྱེད་ལས་ཀའི་བླང་བྱ་དམ་འཛིན་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་གནས་བབ་རྒྱུན་མཐུད་ངང་ཇེ་ལེགས་སུ་འགྲོ་བར་སྐུལ་འདེད་གཏང་དགོས་ཞེས་བསྟན།།