སྤྱི་ཟླ་2པའི་ཚེས་22ཉིན། དབྱིན་ཇིའི་《ཉིན་རེའི་སྦྲག་སྲིད་ཚགས་པར།》ལས་གསར་བསྒྲགས་བྱས་པ་ལྟར་ན། ཧྥེ་གླིང་ལྷོ་མའི་ཐང་སྟོང་ན་སྦྲུག་ནག་ཏུ་གྲགས་པའི་བུད་མེད་རི་དྭགས་རྔོན་འགོག་ཚོ་ཆུང་ཞིག་ཡོད་དེ་ཁོ་ཚོས་ཚེ་སྲོག་གི་ཉེན་ཁ་ལ་མི་འཛེམ་པར་འཇིག་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོང་བྱེད་བཞིན་ཡོད།
སི་ཧྥེ་དང་མོའི་རུ་ཁག་གི་མཛད་རྗེས་ད་ཆ་《བསེ་རུ་ལ་སྲུང་སྐྱོབ་བྱ།》ཞེས་པའི་དངོས་བྲིས་གློག་བརྙན་དུ་ཕབ་ཏེ་ཚེས་24ཉིན་ལོན་ཏོན་ནས་ཤར་བཏང་བྱས་ཤིང་དབྱིན་ཇིའི་རྒྱལ་པོ་ཚང་གི་ཁོངས་མི་ཡང་ཡུལ་དངོས་སུ་ཕེབས་འདུག།