སི་ཁྲོན་གྱི་ད་ལོའི་དབུལ་སྐྱོར་འཆར་གཞི། གྲོང་གསེབ་ཀྱི་གཞུང་ལམ་སྤྱི་ལེ་9932གསར་བསྐྲུན་བྱེད་རྒྱུ་དང་ཡུལ་ཚོ་2035ལ་ཡངས་དྲ་འཐེན་རྒྱུ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-29


    མིག་སྔར། སི་ཁྲོན་ཞིང་ཨུའི་གཞུང་དོན་ཐིང་དང་སི་ཁྲོན་ཞིང་ཆེན་སྲིད་གཞུང་གཞུང་དོན་ཐིང་གིས་《དབུལ་སྐྱོར་ཆེད་དམིགས་17གྱི་2016ལོའི་ལས་ཀའི་འཆར་གཞི》པར་བསྐྲུན་བྱས། དེས་སི་ཁྲོན་ཞིང་ཆེན་གྱི་དབུལ་སྒྲོལ་འགག་སྒྲོལ་བཀོལ་སྤྱོད་ལག་དེབ་དེ་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འགག་སྒྲོལ་དོན་ཐོག་ཏུ་འཁྱོལ་ཐུབ་པ་མཚོན་ཡོད།

    སི་ཁྲོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྟེང་དབུལ་གྲོལ་འགག་སྒྲོལ་གྱི་3+10 ཞེས་བྱ་བའི་སྡེབ་སྒྲིག་འཆར་འགོད་བཏོན་ཞིང་བཀོལ་སྤྱོད་ལག་དེབ་ཀྱི་ཆེད་དོན་ཇུས་གཞི་10དེའི་རྗེས་སུ་སྤེལ་རྒྱུ་རེད།

    སི་ཁྲོན་ཞིང་ཆེན་དབུལ་སྐྱོར་གནས་སྤོར་ཅུས་ཀྱི་འགན་ཁུར་བས་བཤད་རྒྱུར། སྐད་ཆ་ཚང་མ་འགན་ལེན་དང་དོན་འཁྱོལ་བྱེད་ཆེད། ཞིང་ཆེན་ཡོངས་ཀྱི་སྣེ་ཁྲིད་སྡེ་ཁག་17དང་འབྲེལ་ཡོད་ཐིང་ཅུས་70ཙམ་གྱིས་ཟླ་བ་3རིང་གི་འབྲེལ་མཐུད་དང་གྲོས་མོལ་བྱས་བརྒྱུད་ཞིང་ཆེན་རིམ་ངོས་ཁོ་ན་ནས་ཐེངས་3ལ་རྩ་འཛུགས་བྱས་ནས་རྒྱ་ཆེ་བའི་བཟོ་བཅོས་དང་འཐུས་ཚང་དུ་བཏང་། ཆེད་དོན་10ནས་ལོ་ངོའི་འཆར་གཞི་17གྱིས་ཞིང་ཆེན་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་སྲིད་ཇུས་དེ་བས་ཁ་གསལ་ལ་ཞིབ་ཚགས་ནུས་ལྡན་དུ་གྱུར་ཡོད། རང་རེའི་ཞིང་ཆེན་གྱིས་འཆར་གཞི17གྱི་སྐུལ་འདེད་ལག་ལེན་ལྟར་ཇུས་གཞིའི་སྒྲིག་བཟོ་ལས་ཀའི་འགོ་ཚུགས་པ་དང་། རྣམ་གྲངས་དང་མ་དངུལ། སྒྲུབ་ཚད་སོགས་ཐད་ནས་ཞིབ་ཕྲ་རུ་བཏང་སྟེ། ཚད་འབེབས་འཐུས་པ་དང་དཔྱད་ཞིབ་ཆོག་པ་མངོན་འགྱུར་བྱུང་བ་མ་ཟད། ལྟ་སྐུལ་དང་ཞིབ་བཤེར་བྱེད་པའི་ལམ་སྲོལ་ལ་ཤུགས་སྣོན་བྱས་ཏེ་ཇུས་གཞི་དོན་ཐོག་ཏུ་འཁྱོལ་བར་འགན་སྲུང་བྱས།།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1