སི་ཁྲོན་ཞིང་ཆེན་གྱིས་ད་ལོར་གྲོང་ཁྱེར་དང་ཁུལ་20ནས་མི་ཁྲི་25གཞན་ཡུལ་དུ་དབུལ་སྐྱོར་གནས་སྤོར་བྱེད་རྒྱུའི་འཆར་འགོད་བཟོས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-29


     2016ལོར། རང་རེའི་ཞིང་ཆེན་གྱི་འཆར་གཞི་ལྟར་ན་གྲོང་ཁྱེར་དང་ཁུལ་20ཡི་རྫོང་དང་གྲོང་ཁྱེར། ཆུས་144ནས་ཡིག་ཚགས་དང་བྱང་བུ་བཟོས་ཡོད་པའི་དབུལ་བོའི་མི་འབོར་ཁྲི25ལ་གཞན་ཡུལ་དུ་དབུལ་སྐྱོར་གནས་སྤོ་ལག་བསྟར་བྱེད་རྒྱུ་ཡིན། འདི་ནི་གསར་འགོད་པས་སྤྱི་ཟླ་2པའི་ཚེས་25ཉིན། ཁྲིན་ཏུའུ་ནས་འཚོགས་པའི་ཞིང་ཆེན་དབུལ་གྲོལ་གཞུང་ལས་ཁང་གི་གཞན་ཡུལ་དུ་དབུལ་སྐྱོར་གནས་སྤོར་བྱེད་པའི་ལས་ཀའི་མཐུན་སྦྱོར་ཚོགས་འདུའི་སྟེང་ནས་རྒྱུས་ལོན་བྱས་པ་ཡིན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་བཟོ་ཨུ་ལྷན་གྱི་ཀྲུའུ་རེན་ལི་ཁྲང་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བར་མ་ཟད་གསུང་བཤད་གནང་།
    ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་རིང་ལ། རང་རེའི་ཞིང་ཆེན་གྱི་གནས་སྤོར་བཀོད་སྒྲིག་ཁག་ལ་གཞི་ཁྱོན་མི་གྲངས་ཁྲི་120ཡོད་ལ། དེའི་ནང་དུ་དུད་ཚང་ཁྲི་35དང་མི་གྲངས་ཁྲི་116ནི་གཞན་ཡུལ་དུ་དབུལ་སྐྱོར་གནས་སྤོར་བཀོད་སྒྲིག་བྱེད་རྒྱུ་རེད། དེས་ཡིག་ཚགས་དང་བྱང་བུ་བཟོས་བའི་མི་གྲངས་སྤྱི་འབོར་གྱི་23.3%ཟིན་ཡོད་ལ། རྒྱལ་ཡོངས་གནས་སྤོར་སྤྱིའི་གཞི་ཁྱོན་ཏེ་མི་གྲངས་ཁྲི་1000ནང་གི་11.6%ཟིན་ཡོད། འཆར་གཞི་ལྟར་ན་ལོ་བཞིར་བགོས་ནས་བཀོད་སྒྲིག་བྱེད་རྒྱུ་ཡིན་ལ། 2020ལོར་སླེབས་སྐབས་སྲ་བརྟན་གོང་མཐོར་གཏང་རྒྱུ་ཡིན་ལ། ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར་700ཙམ་གཏོང་རྒྱུ་རེད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1