སྐབས་88པའི་ཨོ་སི་ཁ་གསེར་གྱི་རྟགས་མའི་བྱ་དགའ་ཐོབ་མཁན་ལའེ་ཨོང་ནཱ་ཏའོ།

རྣམ་དཀར་ལྷ་མོས་བསྒྱུར། རྩོམ་སྒྲིག་པ།རྣམ་དཀར་ལྷ་མོ།ཡོང་ཁུངས།ཞིན་ཧྭ་གསར་འགྱུར་དྲ་བ། སྤེལ་དུས། 03-01


           ཨ་རིའི་ས་གནས་དེ་གའི་དུས་ཚོད་དེ་ཟླ་2པའི་ཚེས་28ཉིན། ལོ་42ལ་སོན་པའི་འཁྲབ་སྟོན་པ་གྲགས་ཅན་ལའེ་ཨོང་ནཱ་ཏའོ་ཏི་ཁ་ཕུ་རེའོ་ཨ་རིའི་གྲོང་ཁྱེར་ལོ་ཧྲེན་ཅི་རུ་གློག་བརྙན་《ས་རྒོད་ཀྱི་རྔོན་པ།》ལ་བརྟེན་ནས་སྐབས་88པའི་ཨོ་སི་ཁར་གསེར་གྱི་རྟགས་མའི་བྱ་དགའ་བླངས་ཏེ་བརྙན་རྒྱལ་གྱི་གཟི་བརྗིད་མཚན་བརྙན་ཐོབ། 

ཟླ་1པར་ཁོས་སྔར་བཞིན་གློག་བརྙན་དེར་བརྟེན་ཏེ་ཨོ་སི་ཁ་རྟགས་མའི་ཕྱོགས་སྟོན་ཞེས་བརྗོད་པའི་གསེར་ཟླུམ་རྟགས་མའི་ཆེས་ཕུལ་བྱུང་གི་སྐྱེས་པ་འཁྲབ་སྟོན་པའི་བྱ་དགའ་ཐོབ། དེ་སྔོན་ཐེངས་ལྔར་མིང་འདོན་བྱུང་ཞིང་གཟེངས་རྟགས་དངོས་སུ་ལོན་པའི་གོ་སྐབས་མ་བྱུང་།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1