སི་ཁྲོན་གྱི་དབུལ་སྐྱོར་མ་དངུལ་ལ་གནད་དོན་བྱུང་ཚེ་ཧྲུའུ་ཅི་དང་པོས་འགན་ཁུར་དགོས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-02


     གྲོང་སྡེ་དབུལ་པོར་བདམས་གཏོང་བྱས་པའི་ཧྲུའུ་ཅི་དང་པོས་དབུལ་སྐྱོར་མ་དངུལ་དོ་དམ་ལེགས་པོ་བྱེད་ཐུབ་དགོས་ལ་ལས་འགན་ལྕི་པོ་དེའང་ལེགས་པོ་འཁུར་དགོས། དབུལ་སྐྱོར་མ་དངུལ་ལ་གནད་དོན་བྱུང་ཚེ་ཧྲུའུ་ཅི་དང་པོས་འབྲེལ་ཡོད་ཀྱི་འགན་ཁུར་དགོས། སྤྱི་ཟླ་2པའི་ཚེས་29ཉིན། ཁྲེན་ཏུའུ་རུ་འཚོགས་པའི་ཞིང་ཆེན་ཡོངས་ཀྱི་དབུལ་ཕོངས་གྲོང་སྡེའི་ཧྲུའུ་ཅི་དང་པོའི་ལས་ཀའི་སྐོར་གྱི་བཞུགས་མོལ་ཚོགས་འདུའི་སྟེང་། ཧྲུའུ་ཅི་དང་པོས་གྲོང་སྡེ་དབུལ་པོའི་རོགས་སྐྱོར་ལས་ཀ་ཡག་པོ་སྒྲུབ་དགོས་པའི་བླང་བྱ་བཏོན།། 
     ཚོགས་འདུའི་སྟེང་ཧྲུའུ་ཅི་དང་པོས་བརྩེ་སེམས་ཟབ་མོ་བཅངས་ནས་གྲོང་སྡེདབུལ་པོའི་དབུལ་སྐྱོར་ལས་ཀ་ལེགས་པར་སྒྲུབ་དགོས་པའི་བླང་བྱ་བཏོན། དེའི་ནང་མང་ཚོགས་ལ་གཏིང་ཟབ་པའི་སྒོ་ནས་སྐུལ་སློང་དང་དབུལ་སྒྲོལ་མ་དཔེ་གསར་གཏོད། མ་དངུལ་དོ་དམ་དང་བེད་སྤྱོད་ལེགས་པོ་བྱེད་པ། གཞི་རིམ་ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་པ་སོགས་ལ་མཐོང་ཆེན་བྱ་དགོས་པ་སོགས་འདུས།།
   ཚོགས་འདུའི་ཐོག་ད་དུང་ཧྲུའུ་ཅི་དང་པོ་དང་གྲོང་སྡེ་བཅའ་སྡོད་ལས་ཀའི་ཚོགས་ཆུང་ལ་མཚན་རྟགས་གནང་བའི་མཛད་སྒོ་སྤེལ།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1