སི་ཁྲོན་གྱིས་ས་ཞིང་བཅོས་སྒྲིག་དབུལ་སྐྱོར་ལ་སྐུལ་འདེད་གཏོང་བར་མ་དངུལ་སྒོར་དུང་ཕྱུར་10བཏང་ནས་མི་གྲངས་ཁྲི་43ལ་ཁེ་ཕན་ཐོབ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-02


      གསར་འགོད་པས་ཚེས་29ཉིན་སི་ཁྲོན་ཞིང་ཆེན་རྒྱལ་ཁབ་ས་ཆ་ཐོན་ཁུངས་ཐིང་ནས་རྒྱུས་ལོན་བྱུང་བ་ལྟར་ན། སི་ཁྲོན་གྱིས་མ་དངུལ་སྒོར་དུང་ཕྱུར་10ལྷག་བཏང་ནས་དབུལ་པོའི་རྫོང་ཁག་38དུ་ས་ཞིང་བཅོས་སྒྲིག་དབུལ་སྐྱོར་ལ་སྐུལ་འདེད་བྱ་རྒྱུ་ཡིན་ལ། འཛུགས་སྐྲུན་གཞི་ཁྱོན་ནི་མུའུ་ཁྲི་73ལྷག་ཡིན། འདིས་རྨོ་ཞིང་གི་རྒྱུ་སྤུས་མཐོར་འདེགས་སུ་གཏོང་བ་དང་། དབུལ་པོའི་གྲོང་གསེབ་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་བཅོས་སུ་བཏང་ནས་དབུལ་ཕོངས་ས་ཁུལ་གྱི་ཞིང་པའི་ཡོང་འབབ་འཕར་སྣོན་བྱ་ཐུབ་པ་དང་ཐད་ཀར་མི་ཁྲི་43ལ་ཁེ་ཕན་བསྐྲུན་ངེས།
     སི་ཁྲོན་ཞིང་ཆེན་རྒྱལ་ཁབ་ས་ཆ་ཐོན་ཁུངས་ཐིང་གི་འབྲེལ་ཡོད་འགན་ཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན།ཉེ་སྔོན་བཏོན་པའི་སི་ཁྲོན་ཞིང་ཆེན་གྲོང་གསེབ་ས་ཞིང་བཅོས་སྒྲིག་གི་ཆེད་དོན་དབུལ་སྐྱོར་གྱི་2016ལོའི་ལས་ཀའི་འཆར་གཞི་ལྟར་ན། ད་ལོའི་སི་ཁྲོན་གྱི་ས་ཞིང་བཅོས་སྒྲིག་དབུལ་སྐྱོར་བྱ་ཡུལ་གྱི་ཁྱབ་ཁོངས་ནང་དུ་ཆིན་པ་རི་ཁུལ་དང་། ཝུའུ་མེང་རི་ཁུལ། ལའང་ཧྲན་ཆེ་བ་དང་ཆུང་བའི་དབྱིས་རིགས་ས་ཁུལ། མཐོ་སྒང་བོད་རིགས་ས་ཁུལ་གྱི་ཡུག་ཁུལ་ཆེན་པོ་བཞིའི་དབུལ་པོའི་རྫོང་ཁག་38ཀྱི་ཡུལ་ཚོ་287འདུས་ལ། ཐད་ཀར་མི་ཁྲི་43ལ་ཁེ་ཕན་བསྐྲུན་པ་རེད།། 
   གཞན་ཡང་། སི་ཁྲོན་གྱིས་གྲོང་གསེབ་ཀྱི་ཐུན་མོང་དཔལ་འབྱོར་རྩ་འཛུགས་དང་ཞིང་པ་རྣམས་ལ་ཚད་གཞི་མཐོ་བའི་ཞིང་སའི་འཛུགས་སྐྲུན་ཚད་གཞི་གཞིར་བཟུང་ནས། ས་ཆ་བཅོས་སྒྲིག་གི་དབུལ་སྐྱོར་རྣམ་གྲངས་ཀྱི་འཛུགས་སྐྲུན་ནང་ཞུགས་རྒྱུར་སྐུལ་འདེད་གཏང་རྒྱུ་རེད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1