སྤྱི་ཟླ་3པའི་ཚེས་4ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། ཚེས་གཅིག་ཉིན་མོ་སོ་ཁོ་ལ་ཁ་བ་བབས་ཏེ་གྲོང་ཁྱེར་ཡོངས་ཁ་བས་གཡོགས་ཤིང་ཁ་བའི་མཐུག་ཚད་ལ་ཧའོ་སྨི་26ཡོད་པ་དང་། མོ་སི་ཁོ་ཡི་ཟླ་རེའི་ཆ་སྙོམས་ཀྱི་ཁ་བ་འབབ་ཚད་ཀྱི་70%ལས་བརྒལ། མོ་སི་ཁོ་གྲོང་ཁྱེར་གྱི་འགན་འཛིན་གཞོན་པ་པི་ལི་ཁི་ཧྥོ་ཡིས་བཤད་པ་ལྟར་ན་ཐེངས་འདིའི་ཁ་བ་ནི་སྤྱི་ལོ་1936ལོའི་ཚུན་ལ་མོ་སི་ཁིར་བབས་པའི་ཆེས་ཆེ་བའི་ཁ་བ་རེད།།