ལིའུ་ཡུན་ཧྲན་སི་ཁྲོན་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-08


  སྤྱི་ཟླ་3པའི་ཚེས་7ཉིན།  ཀྲུང་གོ་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན།  ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཧྲུའུ་ཅི་ལུའུ་ཡུན་ཧྲན་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བར་ཞུགས་པའི་སི་ཁྲོན་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས།  

  ལུའུ་ཡུན་ཧྲན་གྱིས་འཐུས་མི་རྣམས་ཀྱི་གཏམ་བཤད་ལ་གསན་རྗེས་ནན་གྱིས་བསྟན་དོན། ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཡུལ་མངོན་འགྱུར་འབྱུང་དགོས་ན་གཙོ་བོ་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པའི་འོག་ཅི་ལྟར་ལྟ་བ་དང་ཅི་ལྟར་བསྒྲུབ་པ་བཅས་ཀྱི་གནད་དོན་ཐག་བཅོད་ལེགས་པོར་བྱ་དགོས་པ་དེ་རེད།  རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་མདུན་ལྗོངས་ཆེན་པོ་དང་གཏན་ཚིགས་ཆེན་པོར་ངོས་འཛིན་བྱ་དགོས་པར་མ་ཟད། རང་རྒྱལ་དང་འཛམ་གླིང་གི་གནས་ཚུལ་ལའང་རྒྱུས་ལོན་བྱ་དགོས། དེ་མིན་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པའི་དངོས་ཡོད་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ་དུས་བསྟུན་འཆར་འགོད་དང་དུས་ལྟར་ལས་སྒྲུབ་བྱ་ཐུབ་དགོས།  འཕེལ་རྒྱས་གསར་པའི་སྣེ་ཁྲིད་འོག་ཆོས་ཉིད་ལྟར་ཚན་རིག་དང་མཐུན་པའི་སྒོ་ནས་ལས་ཀ་བསྒྲུབ་པ་དང་བརྟན་བརླིང་ངང་འཕེལ་རྒྱས་སུ་འགྲོ་བ་རྒྱུན་འཁྱོངས་བྱེད་པ། འཕེལ་རྒྱས་གསར་པའི་འདུ་ཤེས་དེ་སྲིད་ཇུས་གཏན་འཁེལ་དང་ལས་ཀ་བཀོད་སྒྲིག འོས་འགན་ལག་བསྟར་བཅས་ཀྱི་སྟེང་མངོན་དུ་འཇུག་དགོས།།


རྩོམ་ཡིག་སྔོན་མ།
རྩོམ་ཡིག་རྗེས་མ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1