༄༅།།དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བོད་བརྒྱུད་ནང་བསྟན་ལས་དོན་སྐོར་གྱི་སྲོལ་ཡིག

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 07-05


འགོ་བརྗོད།
《དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བོད་བརྒྱུད་ནང་བསྟན་ལས་དོན་སྐོར་གྱི་སྲོལ་ཡིག》(གཤམ་དུ་བསྡུས་མིང་ལ་《སྲོལ་ཡིག》ཟེར་ བ་ཡིན)ནི་སྤྱི་ལོ་2011 ལོའི་ཟླ་1 ཚེས་13ཉིན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྲོས་ཚོགས་ཐེངས་4པའི་ཐོག་གྲོས་འཆམ་བྱུང་བར།   སྤྱི་ལོ་2011ལོའི་ཟླ་   9ཚེས་29ཉིན་སི་ཁྲོན་ཞིང་ཆེན་སྐབས་བཅུ་གཅིག་པའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་25པའི་ཐོག་ཆོག་མཆན་ཐོབ་པ་དང་།   སྤྱི་ལོ་2011ལོའི་ཟླ་12ཚེས་1ཉིན་ནས་དངོས་སུ་ལག་ལེན་བསྟར་བ་རེད།   འདི་ནི་དཀར་མཛེས་ཁུལ་གྱིས་བསྒྲགས་པའི་ཆོས་ལུགས་ཐད་ཀྱི་ཁྲིམས་སྲོལ་ཐོག་མ་དེ་ཡིན་ཞིང་དཀར་མཛེས་ཁུལ་གྱི་བོད་བརྒྱུད་ནང་བསྟན་ལས་རིགས་ཐད་དང་བོད་བརྒྱུད་ནང་བསྟན་གྱི་ལས་ཀའི་ནང་གི་དོན་ཆེན་ཞིག་ཡིན་པ་མ་ཟད་དཀར་མཛེས་ཁུལ་བོད་བརྒྱུད་ནང་བསྟན་གྱི་ཁྲིམས་ལུགས་འཛུགས་སྐྲུན་ཐད་ལ་གལ་ཆེའི་གོང་འཕེལ་འགྲོ་ཡོད་པ་ཡང་མཚོན།《སྲོལ་ཡིག》འདི་ལག་བསྟར་དང་ཁྱབ་བསྒྲགས་བྱེད་པ་དེས།    ཆོས་ལུགས་དད་པ་རང་མོས་ལ་སྲུང་སྐྱོང་དང་།   ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ་ཚད་དང་མཐུན་པ།   ནང་བསྟན་མཐུན་ཚོགས་དང་།   དགོན་སྡེ།    གྲྭ་བཙུན།   དད་ལྡན་སྤྱི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་སྲུང་།     བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཕྲད་པར་ཁྲིད་སྟོན།   བོད་བརྒྱུད་ནང་བསྟན་མཐུན་འགྲིག་དང་སྤྱི་ཚོགས་འཆམ་མཐུན་འཚོ་སྲུང་། དཀར་མཛེས་ཁུལ་མཆོང་བརྒལ་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཡོང་བར་སྐུལ་འདེད་སོགས་ཀྱི་ཐད་ལ་ཧ་ཅང་གལ་ཆེའི་དོན་སྙིང་ལྡན་པ་རེད།

ལེའུ་དང་པོ།  སྤྱིའི་རྩ་དོན།

དོན་ཚན་དང་པོ།   སྤྱི་དམངས་ཀྱི་ཆོས་དད་རང་མོས་ལ་འགན་སྲུང་དང་།    བོད་བརྒྱུད་ནང་བསྟན་ཚོགས་པ་དང་།   བོད་བརྒྱུད་ནང་བསྟན་བྱེད་སྒོ་སྤེལ་ཡུལ།   བོད་བརྒྱུད་ནང་བསྟན་ལས་རིགས་མི་སྣ་དང་དད་ལྡན་སྤྱི་དམངས་བཅས་ཀྱི་ཁྲིམས་མཐུན་ཁེ་དབང་འཚོ་སྲུང་།  བོད་བརྒྱུད་ནང་བསྟན་མཐུན་འགྲིག་དང་སྤྱི་ཚོགས་འཆམ་མཐུན་འཚོ་སྲུང་།  བོད་བརྒྱུད་ནང་བསྟན་ལས་དོན་གྱི་དོ་དམ་ཚད་དང་མཐུན་པ་ཡོང་བ།   བོད་བརྒྱུད་ནང་བསྟན་དེ་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་མཐུན་པར་ཁྲིད་སྟོན་བྱེད་པ་བཅས་ཀྱི་ཆེད་དུ།  《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ ཁྲིམས》དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་《ཆོས་ལུགས་ལས་དོན་སྐོར་གྱི་སྲོལ་ ཡིག》《སི་ཁྲོན་ཞིང་ཆེན་ཆོས་ལུགས་ལས་དོན་སྐོར་གྱི་སྲོལ་ཡིག》《དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་རང་སྐྱོང་སྲོལ་ཡིག》སོགས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་གཞིགས་ཏེ།    དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་(གཤམ་དུ་བསྡུས་མིང་ལ་རང་སྐྱོང་ཁུལ་ཟེར་བ་ཡིན)གྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་སྲོལ་ཡིག་འདི་གཏན་འབེབས་བྱས་པ་ཡིན།
དོན་ཚན་གཉིས་པ།   སྲོལ་ཡིག་འདིའི་ནང་བོད་བརྒྱུད་ནང་བསྟན་ལས་དོན་ཞེས་པ་ནི་བོད་བརྒྱུད་ནང་བསྟན་དང་རྒྱལ་ཁབ།   སྤྱི་ཚོགས།  སྤྱི་དམངས་བཅས་ཀྱི་བར་དུ་གནས་པའི་སྤྱི་ཚོགས་ཐུན་མོང་གི་ལས་དོན་ལ་ཟེར།
སྲོལ་ཡིག་འདིའི་ནང་བོད་བརྒྱུད་ནང་བསྟན་ཚོགས་པ་ཞེས་པ་ནི་ཁྲིམས་ལྟར་ཐོ་འགོད་བྱས་ནས་བཙུགས་པའི་ཁུལ་དང་རྫོང་གི་ནང་བསྟན་མཐུན་ཚོགས་(གཤམ་དུ་བསྡུས་མིང་ལ་ནང་བསྟན་མཐུན་ཚོགས་ཟེར་བ་ཡིན)ལ་ཟེར།
སྲོལ་ཡིག་འདིའི་ནང་བོད་བརྒྱུད་ནང་བསྟན་བྱེད་སྒོ་སྤེལ་ཡུལ་ཞེས་པ་ནི་རང་སྐྱོང་ཁུལ་ནང་ཁྲིམས་ལྟར་ཐོ་འགོད་བྱས་པའི་བོད་བརྒྱུད་ནང་བསྟན་དགོན་པ་དང་དེ་མིན་བོད་བརྒྱུད་ནང་བསྟན་བྱེད་སྒོ་སྤེལ་ས་(གཤམ་དུ་བསྡུས་མིང་ལ་དགོན་སྡེ་ཟེར་བ་ཡིན)ལ་ཟེར།
སྲོལ་ཡིག་འདིའི་ནང་བོད་བརྒྱུད་ནང་བསྟན་ལས་རིགས་མི་སྣ་ཞེས་པ་ནི་བོད་བརྒྱུད་ནང་བསྟན་དགོན་སྡེའི་ནང་གི་ཁྲིམས་ལྟར་ངོས་ཟིན་དང་ཡིག་ཚགས་ཉར་བའི་སྤྲུལ་སྐུ་དང་།   བླ་མ།   གྲྭ་པ།   ཇོ་མོ་(གཤམ་དུ་བསྡུས་ མིང་ལ་གྲྭ་བཙུན་ཟེར་བ་ཡིན)བཅས་ལ་ཟེར།
སྲོལ་ཡིག་འདིའི་ནང་བོད་བརྒྱུད་ནང་བསྟན་བྱེད་སྒོ་ཞེས་པ་ནི་ནང་བསྟན་མཐུན་ཚོགས་དང་།   དགོན་སྡེ།   གྲྭ་བཙུན།   དད་ལྡན་སྤྱི་དམངས་བཅས་ཀྱིས་བོད་བརྒྱུད་ནང་བསྟན་གྱི་བསྟན་དོན་ཆོས་ཁྲིམས་ལྟར་སྤེལ་བའི་བྱེད་སྒོ་(གཤམ་དུ་བསྡུས་མིང་ལ་ནང་བསྟན་བྱེད་སྒོ་ཟེར་བ་ཡིན)ལ་ཟེར།
སྲོལ་ཡིག་འདིའི་ནང་བོད་བརྒྱུད་ནང་བསྟན་གྱི་དཀོར་ནོར་ཞེས་པ་ནི་ནང་བསྟན་མཐུན་ཚོགས་དང་།   དགོན་སྡེའི་ཁྲིམས་མཐུན་གྱི་བདག་དབང་ཡོད་པའམ་དོ་དམ་དང་སྤྱོད་དབང་ཡོད་པའི་ཁང་པ་དང་།   ས་ཞིང་།     རྩྭ་ར།   བཟོ་བཀོད་དངོས་པོ།   སྒྲིག་ཆས།  ཆོས་ཆས།   རིག་དངོས།       ཆོས་ལུགས་ཡོང་སྒོ།    ཞལ་འདེབས་རིགས་ཁག་དང་གཞན་པའི་ཁྲིམས་ མཐུན་རྒྱུ་ནོར།    ཁེ་བཟང་བཅས་(གཤམ་དུ་བསྡུས་མིང་ལ་ནང་བསྟན་དཀོར་ནོར་ཟེར་བ་ཡིན)ལ་ཟེར།
དོན་ཚན་གསུམ་པ།   རང་སྐྱོང་ཁུལ་མངའ་ཁོངས་ནང་གི་བོད་བརྒྱུད་ནང་བསྟན་ལས་དོན་སྐོར་ལ་སྲོལ་ཡིག་འདི་སྤྱོད་དུ་རུང་ལ།   རྒྱལ་ཁབ་ལས་ཁུངས་དང་སྤྱི་ཚོགས་ཚོགས་པ།   རྩ་འཛུགས་དང་སྤྱི་དམངས་གཞན་དག་བཅས་ཀྱིས་སྲོལ་ཡིག་འདི་ལ་བརྩི་སྲུང་བྱེད་དགོས།
དོན་ཚན་བཞི་པ།   སྤྱི་དམངས་ལ་བོད་བརྒྱུད་ནང་བསྟན་ལ་དད་པ་ བྱེད་པའམ་དད་པ་མི་བྱེད་པའི་རང་མོས་ཡོད།    རྩ་འཛུགས་གང་ཞིག་དང་མི་སྒེར་སུ་ཞིག་ཡིན་རུང་བཙན་ཤེད་ཀྱིས་སྤྱི་དམངས་ལ་བོད་བརྒྱུད་ནང་ བསྟན་ལ་དད་པ་བྱེད་འཇུག་པའམ་དད་པ་བྱེད་མི་འཇུག་པ་བྱེད་མི་ཆོག་པ་དང་།   བོད་བརྒྱུད་ནང་བསྟན་ལ་དད་པ་བྱེད་པའམ་དད་པ་མི་བྱེད་པའི་སྤྱི་དམངས་ལ་མཐོང་ཆུང་བྱེད་མི་ཆོག 
བོད་བརྒྱུད་ནང་བསྟན་ལ་དད་པ་བྱེད་པའི་སྤྱི་དམངས་ལ།   དགོན་སྡེའི་ནང་ནང་བསྟན་བྱེད་སྒོར་ཞུགས་པའི་རང་མོས་ཡོད་ལ།   རང་གི་ཁྱིམ་ནང་དུའང་ནང་བསྟན་བྱེད་སྒོ་སྤེལ་བའི་རང་མོས་ཡོད།
བོད་བརྒྱུད་ནང་བསྟན་ལ་དད་པ་བྱེད་པ་དང་དད་པ་མི་བྱེད་པའི་སྤྱི་དམངས་དང་།  གྲུབ་མཐའ་མི་འདྲ་བར་དད་པ་དང་ཆོས་ལུགས་མི་འདྲ་བར་དད་པ་བྱེད་པའི་སྤྱི་དམངས་བར་ཕན་ཚུན་བརྩི་འཇོག་དང་མཐུན་ འགྲིག་མཉམ་གནས་བྱེད་དགོས།
དོན་ཚན་ལྔ་པ།   བོད་བརྒྱུད་ནང་བསྟན་དང་ཆོས་ལུགས་གཞན་པ།   བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་མི་འདྲ་བ་སོགས་ལ།   བཅའ་ཁྲིམས་ཐད་འདྲ་མཉམ་གྱི་ཐོབ་ཐང་ཡོད།   ནང་བསྟན་མཐུན་ཚོགས་དང་དགོན་སྡེ།   གྲྭ་བཙུན་དང་དད་ལྡན་སྤྱི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་དང་  རྒྱུན་ལྡན་གྱི་ནང་བསྟན་བྱེད་སྒོ་སོགས་ལ་བཅའ་ཁྲིམས་ཀྱི་སྲུང་སྐྱོང་ཐོབ།
དོན་ཚན་དྲུག་པ།   ནང་བསྟན་བྱེད་སྒོ་དེ་རྩ་ཁྲིམས་དང་བཅའ་ཁྲིམས།      ཁྲིམས་སྲོལ།    སྒྲིག་སྲོལ་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ཀྱི་ཁྱབ་ཁོངས་ནང་སྤེལ་དགོས།   རྩ་འཛུགས་གང་ཞིག་དང་མི་སྒེར་སུ་ཞིག་  ཡིན་རུང་བོད་བརྒྱུད་ནང་བསྟན་བེད་སྤྱོད་བྱས་ཏེ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པ་སྐྱེལ་བ་དང་།   མི་རིགས་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་བ།   སྤྱི་ཚོགས་ཀྱི་ཐུན་མོང་སྒྲིག་ལམ་དང་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་སྒྲིག་ལམ་ལ་གཏོར་བཤིག་གཏོང་བ།    རྒྱལ་ཁབ་ཀྱི་སྲིད་འཛིན་དང་།   ཁྲིམས་འཛིན།   སློབ་གསོ་བཅས་ཀྱི་ལམ་ལུགས་ལ་ཐེ་གཏོགས་བྱེད་པ་དང་འགལ་རྐྱེན་བཟོ་མི་ཆོག
དོན་ཚན་བདུན་པ།   བོད་བརྒྱུད་ནང་བསྟན་གྱིས་རང་ཚུགས་རང་བདག་རང་གཉེར་གྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ།  ནང་བསྟན་མཐུན་    ཚོགས་དང་།   དགོན་སྡེ།   བོད་བརྒྱུད་ནང་བསྟན་ལས་དོན་བཅས་ལ་རྒྱལ་ཁོངས་ཕྱི་རོལ་གྱི་ནུས་པ་ཐེབས་སུ་འཇུག་མི་ཆོག 
དགོན་སྡེའི་ནང་ཁུལ་དུ་དམངས་གཙོ་དོ་དམ་ལག་ལེན་བྱེད་དགོས།  རྩ་འཛུགས་གང་ཞིག་དང་མི་སྒེར་སུ་ཞིག་ཡིན་རུང་བོད་བརྒྱུད་ནང་བསྟན་ཐད་མེད་པར་བཏང་ཟིན་པའི་བཀས་བཀོད་རྒྱུན་འཛིན་གྱི་ཁྱད་དབང་བསྐྱར་གསོ་བྱེད་པའམ་རྣམ་པ་བསྒྱུར་ནས་བསྐྱར་གསོ་བྱེད་མི་ཆོག    
ལེའུ་གཉིས་པ། ནང་བསྟན་མཐུན་ཚོགས་ཀྱི་སྐོར།

དོན་ཚན་བརྒྱད་པ།   ནང་བསྟན་མཐུན་ཚོགས་འཛུགས་པ་དང་།  འཕོ་འགྱུར་གཏོང་བ།    ཐོ་སུབ་བྱེད་པ་བཅས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་《སྤྱི་ཚོགས་ཚོགས་པ་ཐོ་འགོད་དོ་དམ་སྐོར་གྱི་སྲོལ་ཡིག་》དང་རྒྱལ་ཁབ་  ཆོས་ལུགས་ལས་དོན་ཅུས་ཀྱི་《ཆོས་ལུགས་སྤྱི་ཚོགས་ཚོགས་པ་ཐོ་འགོད་   དོ་དམ་ལག་བསྟར་བྱེད་ཐབས་》ཀྱི་གཏན་འབེབས་ལྟར་བསྒྲུབ་དགོས།
ནང་བསྟན་མཐུན་ཚོགས་ཀྱིས་རང་ཉིད་ཀྱི་སྒྲིག་ཡིག་ལྟར་བྱེད་སྒོ་སྤེལ་བ་དང་།    ཁྲིམས་ལྟར་ས་གནས་དེ་གའི་མི་དམངས་སྲིད་གཞུང་གི་ཆོས་   ལུགས་ལས་དོན་སྡེ་ཁག་དང་དམངས་སྲིད་སྡེ་ཁག་གིས་བལྟ་སྐུལ་དང་དོ་དམ་བྱེད་པར་དང་ལེན་བྱེད་དགོས།
དོན་ཚན་དགུ་པ།   ནང་བསྟན་མཐུན་ཚོགས་ཀྱིས་བོད་བརྒྱུད་ནང་བསྟན་ལས་རིགས་ཐད་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་དགོས་པ་དང་།    འབྲེལ་ཡོད་གཏན་འབེབས་ལ་གཞིགས་ནས།   དགོན་སྡེའི་དམངས་གཙོ་དོ་དམ་དང་རྩ་འཛུགས་འཛུགས་སྐྲུན།    ནང་ཁུལ་དོ་དམ་ལ་མཛུབ་སྟོན་དང་ལྟ་སྐུལ་བྱེད་དགོས།    གྲྭ་བཙུན་གྱི་ཐོབ་ཐང་ལ་ངོས་འཛིན་དང་མེད་པ་བཟོ་བ།   ཆོས་ལུགས་ལས་རིགས་མི་སྣར་དཔང་ཡིག་གནང་བ།   སྤྲུལ་སྐུ་ཡང་སྲིད་རྩད་གཅོད་དང་ཁྲི་སྟོན་བྱེད་སྒོ་ལ་མཛུབ་སྟོན་གནང་བའམ་གཙོ་འཛིན་བྱེད་པ།   གྲྭ་བཙུན་ལ་སློབ་གསོ་དང་གསོ་སྐྱོང་བྱེད་པ།    ནང་བསྟན་སློབ་གླིང་ངམ་ཆོས་སྦྱོང་འཛིན་གྲྭའི་སློབ་ཁྲིད་ལ་མཛུབ་སྟོན་དང་།   གྲྭ་བཙུན་གྱི་ཀུན་སྤྱོད་ལ་བརྟག་དཔྱད་དང་ཡོན་ཚད་ལ་གཏན་   འབེབས་སོགས་ཀྱི་ལས་ཀ་སྤེལ་བར་རྩ་འཛུགས་བྱེད་པ།   ས་ཁོངས་ལས་བརྒལ་བ་དང་ནང་བསྟན་བྱེད་སྒོ་ཆེ་གྲས་སྤེལ་བ་ལ་མཐུན་སྦྱོར་དང་མཛུབ་སྟོན།   ལྟ་སྐུལ་ཡང་ན་འགན་སྒྲུབ་བྱེད་དགོས།
དོན་ཚན་བཅུ་པ།   ནང་བསྟན་མཐུན་ཚོགས་ཀྱིས་བོད་བརྒྱུད་ནང་བསྟན་རིག་གནས་ཀྱི་རིག་གཞུང་ཞིབ་འཇུག་དང་སྤེལ་རེས།   ཕྱི་ཕྱོགས་འགྲོ་འོང་གི་བྱ་འགུལ་སྤེལ་ཆོག་པ་དང་།   སྤྱི་ཚོགས་སྤྱི་ཕན་གྱི་དགེ་རྩའི་བྱ་གཞག་དང་རང་གསོར་དམིགས་པའི་དཔལ་འབྱོར་སྒྲིག་འཛུགས་གཉེར་ཆོག     རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལ་བསྟུན་ནས་དཔྱ་ཁྲལ་ཐད་གཟིགས་སྐྱོང་སྲིད་ཇུས་ལོངས་སུ་སྤྱོད་ཆོག 
ལེའུ་གསུམ་པ།  དགོན་སྡེའི་སྐོར།

དོན་ཚན་བཅུ་གཅིག་པ།   དགོན་སྡེ་འཛུགས་རྒྱུའི་གྲ་སྒྲིག་བྱེད་པ་དེ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་《ཆོས་ལུགས་ལས་དོན་སྐོར་གྱི་སྲོལ་ཡིག》དང་《སི་ཁྲོན་ཞིང་ཆེན་ཆོས་ལུགས་ལས་དོན་སྐོར་གྱི་སྲོལ་ཡིག》གི་གཏན་    འབེབས་ལ་གཞིགས་ནས་བསྒྲུབ་དགོས།
ཆོག་མཆན་མ་ཐོབ་པར།    རྩ་འཛུགས་གང་ཞིག་དང་མི་སྒེར་སུ་ཞིག་ཡིན་རུང་རང་མོས་ཀྱིས་དགོན་སྡེ་འཛུགས་མི་ཆོག 
དོན་ཚན་བཅུ་གཉིས་པ།    དགོན་སྡེ་མཉམ་བསྲེ་དང་།   ཁ་གྱེས་ཟུར་འཛུགས།    མཚམས་བཞག་པའམ་ཐོ་འགོད་ནང་དོན་འཕོ་འགྱུར་གཏོང་བ་བཅས་དགོས་ཚེ།    སྔོན་གྱི་ཐོ་འགོད་དོ་དམ་ལས་ཁུངས་སུ་དེ་འཚམ་གྱི་ཐོ་འགོད་འཕོ་འགྱུར་འགྲོ་ལུགས་བསྒྲུབ་དགོས།
དོན་ཚན་བཅུ་གསུམ་པ།    དགོན་སྡེ་སྤོ་བ་དང་རྒྱ་སྐྱེད་གཏོང་བ།  བཅོས་འཛུགས།   ཡང་ན་དགོན་སྡེའི་ནང་དུ་ཁང་པ་དང་བཟོ་བཀོད་   དངོས་པོ་གསར་འཛུགས་བྱེད་ཚེ།   སྔོན་གྱི་ཐོ་འགོད་ལས་ཁུངས་ཀྱི་བློ་ལ་བབས་རྗེས་བཅའ་ཁྲིམས་དང་འབྲེལ་ཡོད་སྒྲིག་རིམ་ལྟར་ཆོག་མཆན་ཞུ་གནང་གི་འགྲོ་ལུགས་བསྒྲུབ་དགོས།    མཛེས་ལྗོངས་སྐད་གྲགས་ཅན་ནམ་ རིག་དངོས་སྲུང་སྐྱོང་ལས་ཁུངས་ཡིན་ན།    ད་དུང་འབྲེལ་ཡོད་གཏན་    འབེབས་ལྟར་དེ་དང་འཚམ་པའི་གཙོ་བདག་ལས་ཁུངས་ཀྱི་བློ་ལ་འབབ་ དགོས།
དོན་ཚན་བཅུ་བཞི་པ།   དགོན་སྡེས་སློབ་མའམ་གྲྭ་བཙུན་བསྡུ་ལེན་ བྱེད་ཚེ།    《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་འོས་འགན་སློབ་གསོའི་བཅའ་ཁྲིམས》དང་《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལོ་ན་མ་སོན་པའི་སྐྱེ་བོ་སྲུང་སྐྱོང་བཅའ་ཁྲིམས་》ཀྱི་གཏན་འབེབས་དང་འགལ་མི་ཆོག
དགོན་སྡེ་དང་ནང་བསྟན་སློབ་གླིང་།    ཆོས་སྦྱོང་འཛིན་གྲྭས་ལོ་ན་མ་སོན་པའི་མི་དགོན་དུ་ཞུགས་ནས་གྲྭ་བཙུན་བྱེད་བཅུག་པའམ་ནང་བསྟན་ སློབ་གླིང་དང་ཆོས་སྦྱོང་འཛིན་གྲྭ་རུ་ཞུགས་བཅུག་པ་སོགས་མི་ཆོག    རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ངོས་འཛིན་བྱས་པའི་སྤྲུལ་སྐུ་ཡང་ སྲིད་ནི་མ་གཏོགས་སོ།    དེ་ཡང་ཁུལ་རིམ་པ་ཡན་གྱི་ཆོས་ལུགས་ལས་དོན་སྡེ་ཁག་གིས་འབྲེལ་ཡོད་ཀྱི་ཞིབ་བཤེར་ཆོག་མཆན་འགྲོ་ལུགས་བསྒྲུབ་དགོས་པ་མ་ཟད།   ད་དུང་ཞིང་ཆེན་ཆོས་ལུགས་ལས་དོན་སྡེ་ཁག་ལ་ཡིག་ཚགས་ཉར་རྒྱུའི་སྙན་སེང་འབུལ་དགོས། 
དོན་ཚན་བཅོ་ལྔ་པ།    ནང་བསྟན་མཐུན་ཚོགས་དང་དགོན་སྡེས་  དགོན་སྡེའི་ཕྱི་རོལ་ཏུ་བླ་གབ་མེད་པའི་ནང་བསྟན་འདྲ་བརྙན་བཟོ་སྐྲུན་   བྱེད་གྲབས་བྱེད་ཚེ།   ས་གནས་དེ་གའི་རྫོང་མི་དམངས་སྲིད་གཞུང་ཆོས་  ལུགས་ལས་དོན་སྡེ་ཁག་གིས་ཞིབ་བཤེར་གཏན་འབེབས་བརྒྱུད་དེ།   ཁུལ་མི་དམངས་སྲིད་གཞུང་ཆོས་ལུགས་ལས་དོན་སྡེ་ཁག་ལ་ཞུ་ནས་ཞིབ་བཤེར་ ཆོག་མཆན་ཐོབ་དགོས།    ཆོག་མཆན་མ་ཐོབ་སྔོན།    རྩ་འཛུགས་གང་   ཞིག་དང་མི་སྒེར་སུ་ཞིག་ཡིན་རུང་བླ་གབ་མེད་པའི་ནང་བསྟན་འདྲ་བརྙན་བཟོ་སྐྲུན་བྱེད་མི་ཆོག 
བླ་གབ་མེད་པའི་ནང་བསྟན་འདྲ་བརྙན་གཏོས་ཆེན་བཟོ་སྐྲུན་བྱེད་པ་ན།    རྒྱལ་སྲིད་སྤྱི་ཁྱབ་ཁང་གི་《ཆོས་ལུགས་ལས་དོན་སྐོར་གྱི་སྲོལ་ཡིག》དང་《སི་ཁྲོན་ཞིང་ཆེན་ཆོས་ལུགས་ལས་དོན་སྐོར་གྱི་སྲོལ་ཡིག》གི་འབྲེལ་ ཡོད་གཏན་འབེབས་ལྟར་བསྒྲུབ་དགོས།
དོན་ཚན་བཅུ་དྲུག་པ།    དགོན་སྡེས་དམངས་གཙོ་དོ་དམ་ཨུ་ཡོན་  ལྷན་ཁང་(གཤམ་དུ་བསྡུས་མིང་ལ་དགོན་གཉེར་ཁང་ཟེར)འཛུགས་པ་དང་།   དམངས་གཙོའི་དོ་དམ་ལག་བསྟར་བྱེད་དགོས།
དགོན་གཉེར་ཁང་དེ་ཀྲུའུ་རེན།    ཀྲུའུ་རེན་གཞོན་པ་དང་ཨུ་ཡོན་དུ་མ་ལསགྲུབ་དགོས།    གྲུབ་མི་དེ་རྣམས་ནང་བསྟན་མཐུན་ཚོགས་དང་ཆོས་ལུགས་ལས་དོན་སྡེ་ཁག་གིས་མཛུབ་སྟོན་འོག་དམངས་གཙོས་གྲོས་མོལ་དང་འདེམས་སྒྲུག་བྱས་ཏེ་འབྱུང་དགོས་ལ།   ས་གནས་དེ་གའི་རྫོང་མི་དམངས་སྲིད་གཞུང་ཆོས་ལུགས་ལས་དོན་སྡེ་ཁག་ལ་ཡང་ཐོ་འགོད་སྙན་སེང་ཕུལ་ དགོས།   གལ་སྲིད་འདེམས་སྒུག་མི་སྣ་འཚམ་པ་མེད་ན།   སྲིད་གཞུང་    ཆོས་ལུགས་ལས་དོན་སྡེ་ཁག་གམ་ནང་བསྟན་མཐུན་ཚོགས་ཀྱིས་བསྐོ་གཞག་དང་མངག་གཏོང་བྱེད་ཆོག 
དགོན་གཉེར་ཁང་གི་འགན་འཛིན་ཡུན་ཚད་ལམ་ལུགས་ལག་བསྟར་ བྱེད་དགོས།   སྐབས་རེའི་འགན་འཛིན་ཡུན་ཚད་ནི་ལོ་ལྔ་རེ་ཡིན།   བསྐྱར་འདེམས་ཀྱིས་ལས་འགན་བསྟུད་མ་འཛིན་ཆོག 
དོན་ཚན་བཅུ་བདུན་པ།   དགོན་གཉེར་ཁང་གི་གྲུབ་མི་ལ་གཤམ་གྱི་ཆ་རྐྱེན་ཚང་དགོས་ཏེ།
1、རྒྱལ་གཅེས་ཁྲིམས་སྲུང་དང་།   སྲིད་གཞུང་གི་དོ་དམ་ལ་རྩིས་པ།  སྡོམ་པ་ནན་སྲུང་།    གཞུང་དྲང་ཚུལ་མཐུན།  
2、ནང་བསྟན་ཤེས་རིག་ངེས་ཅན་ལྡན་པ།   གྲྭ་བཙུན་དང་དད་ལྡན་སྤྱི་དམངས་ནང་སྙན་གྲགས་ཆེ་བ།
3、རྩ་འཛུགས་དང་མཐུན་སྦྱོར།    དོ་དམ་བྱེད་པའི་ནུས་པ་ལྡན་པ་བཅས་སོ།
དོན་ཚན་བཅོ་བརྒྱད་པ།   དགོན་གཉེར་ཁང་གི་འགན་ནུས་གཙོ་བོ་ནི།
1、གྲྭ་བཙུན་ལ་རྒྱལ་གཅེས་ཁྲིམས་སྲུང་གི་སློབ་གསོ་སྤེལ་བ་དང་།   གྲྭ་བཙུན་རྩ་འཛུགས་བྱེད་དེ་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ།   སྲིད་ཇུས་ལ་སློབ་སྦྱོང་བྱེད་པ།   རྒྱལ་བའི་བཀའ་བསྟན་དང་།   ཆོས་   གཞུང་།    ཆོས་ཁྲིམས་ལ་སློབ་སྦྱོང་བྱེད་པ།    དེང་རབས་ཚན་རྩལ་ཤེས་ རིག་ལ་སློབ་སྦྱོང་བྱེད་པ།
2、དགོན་སྡེའི་དམངས་གཙོ་དོ་དམ་ལམ་ལུགས་འཛུགས་པ་དང་ འཐུས་ཚང་དུ་བཏང་བ་མ་ཟད།   དེ་ལག་བསྟར་བྱེད་པར་རྩ་འཛུགས་བྱེད་པའི་འགན་ཁུར་བ།    ནང་བསྟན་མཐུན་ཚོགས་དང་ཆོས་ལུགས་ལས་དོན་སྡེ་ཁག་གི་མཛུབ་སྟོན་དང་ལྟ་སྐུལ་དང་ལེན་བྱེད་པ་དང་།    དགོན་སྡེ་དེ་  ཉིད་ཀྱི་གྲྭ་བཙུན་དང་དད་ལྡན་སྤྱི་དམངས་ཀྱིས་ལྟ་སྐུལ་དང་ལེན་བྱེད་པ།
3、ནང་བསྟན་བྱེད་སྒོ་སྣ་ཚོགས་སྤེལ་བ་ལ་རྩ་འཛུགས་བྱེད་པ་དང་།   དགོན་སྡེའི་དུས་རྒྱུན་གྱི་ལས་དོན་དང་ཆོས་དོན།    གྲྭ་བཙུན་བཅས་ལ་   དོ་དམ་བྱེད་པའི་འགན་ཁུར་བ།
4、དགོན་སྡེའི་ཐུན་མོང་གི་སྒྲིག་ཆས་ལ་སྲུང་སྐྱོང་དང་།    དགོན་  སྡེའི་ཐུན་མོང་གི་དཀོར་ནོར་ལ་དོ་དམ།   དགོན་པའི་རིག་དངོས་གནའ་  ཤུལ་ལ་སྲུང་སྐྱོང་།    ཡིག་ཚགས་དོ་དམ་ཚད་མཐུན་བྱེད་པ་བཅས་ལ་རྩ་འཛུགས་བྱེད་པ།
5、སྤྲུལ་སྐུ་ཡང་སྲིད་ལས་ཀའི་ནང་གི་འོས་འཚམས་ཀྱི་འགན་འཁྲི་བསྒྲུབ་སྟེ།    སྤྲུལ་སྐུ་ཡང་སྲིད་གསོ་སྐྱོང་དང་།   སློབ་གསོ།   དོ་དམ་བྱེད་པར་འགན་འཁུར་བ།
6、དགོན་སྡེ་དེ་ཉིད་དང་སྤྱི་ཚོགས་ཀྱི་གཞན་ཕྱོགས་བར་འབྲེལ་བ་མཐུན་སྦྱོར་བྱེད་པ་དང་།    དགོན་སྡེ་དེ་ཉིད་དང་གྲྭ་བཙུན་གྱི་ཁྲིམས་   མཐུན་ཁེ་དབང་སྲུང་སྐྱོང་བྱེད་པ།   ས་གནས་དེ་གའི་མི་དམངས་སྲིད་  གཞུང་དང་འབྲེལ་ཡོད་སྡེ་ཁག་ལ་ལུགས་མཐུན་གྱི་རེ་ཞུ་ཕུལ་བ།
7、དགོན་སྡེས་རང་གསོ་བྱ་འགུལ་སྤེལ་བར་རྩ་འཛུགས་བྱེད་པ་དང་།       ཁྲིམས་ལྟར་སྤྱི་ཚོགས་སྤྱི་ཕན་གྱི་དགེ་རྩའི་བྱ་གཞག་ནང་ཞུགས་པ།
8、དགོན་སྡེའི་ནང་གཏན་ཁེལ་མེད་པའི་མི་གྲངས་དོ་དམ་བྱེད་པར་ཤུགས་སྣོན་རྒྱག་པ།
9、དགོན་སྡེའི་ལས་དོན་གཞན་དག་ཐག་གཅོད་བྱེད་པ་བཅས་སོ།
དོན་ཚན་བཅུ་དགུ་པ།   དགོན་སྡེས་བདེ་འཇགས་འགན་འཁྲིའི་ལམ་ལུགས་དང་འགན་འཁྲི་བདའ་འདེད་ལམ་ལུགས།   གནད་དོན་གལ་ཆེན་  སྙན་ཞུ་ལམ་ལུགས་བཅས་ལག་བསྟར་བྱེད་དགོས་པ་དང་།   ས་གནས་དེ་གའི་མི་དམངས་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས་ལྟ་སྐུལ་དང་།     ཞིབ་བཤེར།    མཛུབ་སྟོན་བྱེད་པར་དང་ལེན་བྱེད་དགོས།
རྩ་འཛུགས་གང་ཞིག་དང་མི་སྒེར་སུ་ཞིག་ཡིན་རུང་དགོན་སྡེའི་ནང་འགྲོ་དུས།    བོད་བརྒྱུད་ནང་བསྟན་གྱི་སྲོལ་རྒྱུན་གོམས་གཤིས་ལ་བརྩི་  འཇོག་བྱེད་དགོས།
དོན་ཚན་ཉི་ཤུ་པ།    དགོན་སྡེས་གཏན་འབེབས་བྱས་པའི་གྲྭ་བཙུན་གྲངས་ཀ་དོ་དམ་ལམ་ལུགས་ལག་བསྟར་བྱེད་དགོས་པ་དང་།  གཏན་    འབེབས་གྲངས་ཀ་ལས་བརྒལ་ནས་གྲྭ་བཙུན་བསྡུ་ལེན་བྱེད་མི་ཆོག 
དོན་ཚན་ཉེར་གཅིག་པ།    དགོན་སྡེས་ནང་བསྟན་སློབ་གླིང་ངམ་བཤད་གྲྭ་དང་སྒྲུབ་གྲྭ།   རི་ཁྲོད་སོགས་གཏོགས་པའི་ཆོས་སྦྱོང་འཛིན་གྲྭ་འཛུགས་པ་ལ།    དགོན་གཉེར་ཁང་གིས་རེ་ཞུ་ཕུལ་ཏེ།   རིམ་བཞིན་རྫོང་དང་ཁུལ་མི་དམངས་སྲིད་གཞུང་ཆོས་ལུགས་ལས་དོན་སྡེ་ཁག་གིས་ཞིབ་  བཤེར་གཏན་འབེབས་བྱེད་པ་བརྒྱུད་དེ།    ཞིང་ཆེན་མི་དམངས་སྲིད་   གཞུང་ཆོས་ལུགས་ལས་དོན་སྡེ་ཁག་ལ་ཞུས་ནས་ཞིབ་བཤེར་ཆོག་མཆན་ཐོབ་དགོས།
ཆོག་མཆན་མ་ཐོབ་སྔོན།    རྩ་འཛུགས་གང་ཞིག་དང་མི་སྒེར་སུ་ཞིག་ཡིན་རུང་ནང་བསྟན་སློབ་གསོ་སྤེལ་ཡུལ་འཛུགས་མི་ཆོག །
དོན་ཚན་ཉེར་གཉིས་པ།   ནང་བསྟན་སློབ་གླིང་ངམ་ཆོས་སྦྱོང་འཛིན་གྲྭ་ནི་དགོན་པའི་ཁོངས་སུ་གཏོགས་ལ།    ཁེར་རྐྱང་གི་ཡུལ་ཞིག་ཏུ་བརྩིས་ནས་ཐོ་འགོད་བྱེད་རྒྱུ་མེད།
དགོན་གཉེར་ཁང་གིས་ནང་བསྟན་སློབ་གླིང་ངམ་ཆོས་སྦྱོང་འཛིན་གྲྭ་དེ་དགོན་པའི་དོ་དམ་ཁྱབ་ཁོངས་སུ་འཇོག་ནས།    ཆོས་སྦྱོང་འཛིན་གྲྭའི་ སློབ་ཁྲིད་རྨང་གཞིའི་སྒྲིག་ཆས་ལ་གཅིག་གྱུར་འཆར་འགོད་དང་གསར་  འཛུགས་བྱེད་དགོས་པ་དང་།   སློབ་ཁྲིད་ཀྱི་ནང་དོན་དང་སློབ་མའི་      གྲངས་ཀ    སློབ་ཡུན་ལོ་ཚད་བཅས་གསལ་པོ་གཏན་ཁེལ་བྱེད་དགོས།    དོ་དམ་ལམ་ལུགས་ཁག་རྣམས་གཏན་ཁེལ་དང་འཐུས་ཚང་།   དོན་འཁྱོལ་བྱེད་དགོས།   ནང་བསྟན་སློབ་གླིང་ངམ་ཆོས་སྦྱོང་འཛིན་གྲྭས་དགོན་གཉེར་ཁང་གི་དབུ་ཁྲིད་དང་དོ་དམ་དང་ལེན་བྱེད་དགོས།
དོན་ཚན་ཉེར་གསུམ་པ།    ནང་བསྟན་སློབ་གླིང་ངམ་ཆོས་སྦྱོང་   འཛིན་གྲྭའི་དགེ་རྒན་ལ་ཞིང་ཆེན་ནང་བསྟན་མཐུན་ཚོགས་ཀྱིས་གནང་བའི་དགེ་རྒན་ཐོབ་ཐང་དཔང་ཡིག་ཡོད་དགོས།   ཁུལ་ནང་བསྟན་མཐུན་ཚོགས་ཀྱིས་ཁུལ་མི་དམངས་སྲིད་གཞུང་ཆོས་ལུགས་ལས་དོན་སྡེ་ཁག་གིས་མཛུབ་ སྟོན་འོག་དགེ་རྒན་ཐོབ་ཐང་དཔྱད་བསྡུར་གཏན་འབེབས་བྱེད་པའི་ལས་ཀ་དེ་བསྒྲུབས་ནས།    ཞིང་ཆེན་ནང་བསྟན་མཐུན་ཚོགས་ལ་ཡིག་ཚགས་ཉར་རྒྱུའི་སྙན་སེང་འབུལ་དགོས།
དོན་ཚན་ཉེར་བཞི་པ།   ནང་བསྟན་སློབ་གླིང་ངམ་ཆོས་སྦྱོང་འཛིན་ གྲྭས་ཆོས་སྦྱོང་གྲྭ་བཙུན་བསྡུ་ལེན་བྱེད་པར།   གཞིས་གྲྭ་བསྡུ་རྒྱུ་གཙོ་བོ་  འཇོག་དགོས།    སྲིད་འཛིན་མངའ་ཁོངས་བརྒལ་ནས་བྱེས་གྲྭ་དགོས་མཁོ་ ཡོད་ན།    ཆོག་མཆན་ཞུ་བའི་འགྲོ་ལུགས་བསྒྲུབ་དགོས།
ནང་བསྟན་སློབ་གླིང་ངམ་ཆོས་སྦྱོང་འཛིན་གྲྭས་རྫོང་ཕྱིའི་བྱེས་གྲྭ་བསྡུ་ལེན་བྱེད་པར།    ཆོས་སྦྱོང་སློབ་མ་རང་ཉིད་ཀྱི་རེ་ཞུ་ཡི་གེ་དང་།《ཆོས་     ལུགས་ལས་རིགས་མི་སྣའི་དཔང་ཡིག》《ཡུལ་མིའི་ཐོབ་ཐང་ལག་ཁྱེར་》འཛིན་ཏེ་རང་ཁོངས་ཀྱི་དགོན་སྡེ་དང་ས་གནས་དེ་གའི་རྫོང་མི་དམངས་   སྲིད་གཞུང་ཆོས་ལུགས་ལས་དོན་སྡེ་ཁག་གིས་བསམ་འཆར་འགོད་དེ།   ནང་བསྟན་སློབ་གླིང་ངམ་ཆོས་སྦྱོང་འཛིན་གྲྭ་གནས་ས་དེའི་རྫོང་ནང་བསྟན་མཐུན་ཚོགས་དང་རྫོང་མི་དམངས་སྲིད་གཞུང་ཆོས་ལུགས་ལས་དོན་སྡེ་ཁག་གིས་ཞིབ་བཤེར་བྱས་ནས།    ཁུལ་མི་དམངས་སྲིད་གཞུང་ཆོས་ལུགས་ལས་དོན་སྡེ་ཁག་ལ་ཡིག་ཚགས་ཉར་རྒྱུའི་སྙན་སེང་ཕུལ་རྗེས།    ད་གཟོད་སློབ་མ་བསྡུ་ཆོག    རང་སྐྱོང་ཁུལ་ལས་བརྒལ་ནས་ཆོས་སྦྱོང་སློབ་མ་བསྡུ་ལེན་ བྱེད་པར།    ད་དུང་ཆོས་སྦྱོང་སློབ་མ་གནས་ས་དང་ནང་བསྟན་སློབ་གླིང་ངམ་ཆོས་སྦྱོང་འཛིན་གྲྭ་གནས་སའི་ཁུལ་རིམ་པའི་ནང་བསྟན་མཐུན་ཚོགས་དང་མི་དམངས་སྲིད་གཞུང་ཆོས་ལུགས་ལས་དོན་སྡེ་ཁག་གིས་ཞིབ་བཤེར་ བྱས་ནས།    ཞིང་ཆེན་མི་དམངས་སྲིད་གཞུང་ཆོས་ལུགས་ལས་དོན་སྡེ་ཁག་ལ་ཡིག་ཚགས་ཉར་རྒྱུའི་སྙན་སེང་ཡང་འབུལ་དགོས།
དོན་ཚན་ཉེར་ལྔ་པ།    གྲྭ་བཙུན་རང་སྐྱོང་ཁུལ་མངའ་ཁོངས་བརྒལ་ནས་ཆོས་སྦྱོང་འགྲོ་བར།   ཐོག་མ་རང་ཁོངས་ཀྱི་དགོན་སྡེར་རེ་ཞུ་འབུལ་དགོས།    དགོན་གཉེར་ཁང་གིས་བསམ་འཆར་བཏོན་ནས།    དགོན་པ་གནས་ས་དེའི་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་ཆོས་ལུགས་ལས་ དོན་སྡེ་ཁག་གིས་ཞིབ་བཤེར་བྱས་ནས་བློ་ལ་བབ་དགོས་པ་མ་ཟད།   ད་དུང་ཆོས་སྦྱོང་འགྲོ་ས་དེ་དང་རིམ་འཚམ་གྱི་མི་དམངས་སྲིད་གཞུང་ཆོས་ལུགས་ལས་དོན་སྡེ་ཁག་གིས་ཆོག་མཆན་ཐོབ་རྗེས།   ད་གཟོད་ཆོས་སྦྱོང་འགྲོ་ཆོག 
ལེའུ་བཞི་པ།  གྲྭ་བཙུན་གྱི་སྐོར།

དོན་ཚན་ཉེར་དྲུག་པ།   གྲྭ་བཙུན་ནི་ནང་བསྟན་མཐུན་ཚོགས་ཀྱིས་འབྲེལ་ཡོད་གཏན་འབེབས་ལ་གཞིགས་ནས་ཁས་ལེན་བྱས་པ་བརྒྱུད་དེ།     རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་ཆོས་ལུགས་ལས་དོན་སྡེ་ཁག་ལ་ཡིག་ཚགས་ཉར་རྒྱུའི་སྙན་སེང་ཞུས་ཡོད་དགོས།    གྲྭ་བཙུན་ལ་ཆོས་ལུགས་ལས་རིགས་མི་སྣའི་དཔང་ཡིག་ཐོབ་རྗེས།     ད་གཟོད་ནང་བསྟན་བྱེད་སྒོ་སྤེལ་ཆོག 
དོན་ཚན་ཉེར་བདུན་པ།    གྲྭ་བཙུན་གྱིས་གཤམ་གྱི་ཁེ་དབང་སྤྱོད་ཆོག་སྟེ།
1、དགོན་གཉེར་ཁང་གི་གྲུབ་མིར་འདེམས་དབང་དང་བདམ་བྱའི་དབང་ཆ་ཡོད་ལ།   དགོན་སྡེའི་དམངས་གཙོ་དོ་དམ་ནང་ཡང་ཞུགས་ཆོག
2、ཆོས་གཞུང་དང་ཆོས་ཁྲིམས་ལ་གཞིགས་ནས་ནང་བསྟན་བྱེད་སྒོ་སྤེལ་ཆོག
3、ནང་བསྟན་སློབ་གསོ་མྱོང་བ་དང་སྤེལ་ཆོག    ནང་བསྟན་གསུང་རབ་དང་དཔྱད་ཡིག་བཅས་ལེགས་སྒྲིག་དང་ཡིག་སྒྱུར།   ནང་བསྟན་རིག་གཞུང་ཞིབ་འཇུག་དང་སྤེལ་རེས་བཅས་བྱེད་ཆོག
4、ཁྲིམས་ལྟར་སྤྱི་ཚོགས་འགན་ལེན་འཚོ་སྐྱོང་རོལ་ཆོག
5、རང་འདོད་ཀྱིས་ཕུལ་བའི་འབུལ་བ་ལེན་ཆོག
6、བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་བྱས་པའི་ཁེ་དབང་གཞན་དག་སྤྱོད་ཆོག་པ་བཅས་སོ།
དོན་ཚན་ཉེར་བརྒྱད་པ།  གྲྭ་བཙུན་གྱིས་གཤམ་གྱི་འོས་འགན་བསྒྲུབ་དགོས་ཏེ།
1、རང་རྟོགས་ཀྱིས་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་དང་།   རྒྱལ་ཁབ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ།   སྤྱི་   ཚོགས་བརྟན་བརླིང་ལ་སྲུང་སྐྱོང་བྱེད་པ།
2、རང་རྟོགས་ཀྱིས་ས་གནས་དེའི་སྲིད་གཞུང་དང་སྲིད་གཞུང་ཆོས་  ལུགས་ལས་དོན་སྡེ་ཁག    ནང་བསྟན་མཐུན་ཚོགས།   དགོན་གཉེར་ཁང་བཅས་ཀྱིས་དོ་དམ་དང་ལེན་བྱེད་པ་དང་།    དགོན་པའི་དོ་དམ་ལམ་ལུགས་ཁག་ལ་བརྩི་སྲུང་བྱེད་པ།
3、རིམ་པ་ཁག་གི་མི་དམངས་སྲིད་གཞུང་ཆོས་ལུགས་ལས་དོན་སྡེ་ཁག་དང་ནང་བསྟན་མཐུན་ཚོགས་ཀྱིས་རྩ་འཛུགས་བྱེད་པའི་གྲོས་ཚོགས་དང་སྦྱོང་བརྡར་ནང་ཞུགས་པ།     རྒྱལ་གཅེས་རིང་ལུགས་དང་སྤྱི་ཚོགས་ རིང་ལུགས།     རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ།   བྱེད་ཕྱོགས་ སྲིད་ཇུས་བཅས་ཀྱི་སློབ་གསོ་དང་ལེན་བྱེད་པ།
4、དགོན་སྡེའི་དགོན་གཉེར་ཁང་གི་མངགས་གཏོང་ལྟར།    དད་ ལྡན་མང་ཚོགས་ལ་གུས་སྲོལ་མཛད་སྒོ་རང་བཞིན་གྱི་ནང་བསྟན་ཞབས་ འདེགས་ཞུ་བ།  
5、ས་གནས་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་པ།
6、བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་བྱས་པའི་འོས་འགན་གཞན་དག་བསྒྲུབ་པ་བཅས་སོ།
དོན་ཚན་ཉེར་དགུ་པ།    གྲྭ་བཙུན་སྲིད་འཛིན་ས་ཁོངས་བརྒལ་ནས་ནང་བསྟན་བྱེད་སྒོ་སྤེལ་བར།   ཆོག་མཆན་ཞུ་བའི་འགྲོ་ལུགས་བསྒྲུབ་   དགོས།    ཆོག་མཆན་མ་ཐོབ་སྔོན།    རང་དགས་སྲིད་འཛིན་ས་ཁོངས་ བརྒལ་ནས་ནང་བསྟན་བྱེད་སྒོ་སྤེལ་མི་ཆོག
དོན་ཚན་སུམ་ཅུ་པ།    གྲྭ་བཙུན་གྱིས་མི་རིགས་མཐུན་སྒྲིལ་ལ་གཏོར་བཤིག་དང་།   རྒྱལ་ཁབ་བདེ་འཇགས་ལ་གནོད་པ་སྐྱེལ་བའི་དཔེ་ཆ།   པར་རིས།   དཔྱད་ཡིག   རྒྱང་བསྒྲགས།   གློག་བརྙན་བརྙན་འཕྲིན།  བརྡ་ འཕྲིན་སོགས་ལ་བལྟ་རེས་དང་།   ཉན་པ།  ལྟ་བ།   ཁྱབ་སྤེལ་བྱེད་མི་ཆོག་པ་དང་།   བཀག་རྒྱ་ལས་འགལ་བའི་བྱེད་སྒོ་སྤེལ་མི་ཆོག
དོན་ཚན་སོ་གཅིག་པ།    གྲྭ་བཙུན་སྐུ་གྲོངས་པ་དང་རང་འགུལ་གྱིས་གྲྭ་བཙུན་ཐོབ་ཐང་འདོར་བའམ་ཡང་ན་རྒྱུ་མཚནགཞན་གྱིས་གྲྭ་བཙུན་ཐོབ་ཐང་མེད་པ་སོང་བར།   དགོན་གཉེར་ཁང་གིས་གང་འཚམ་གྱི་ནང་བསྟན་མཐུན་ཚོགས་ལ་ཞུས་ནས་ཐོ་སུབ་སྙན་སེང་འགྲོ་ལུགས་བསྒྲུབ་དགོས་པ་དང་།    མི་དམངས་སྲིད་གཞུང་ཆོས་ལུགས་ལས་དོན་སྡེ་ཁག་ལ་ཡང་ཡིག་ཚགས་ཉར་རྒྱུའི་སྙན་སེང་འབུལ་དགོས།
དོན་ཚན་སོ་གཉིས་པ།    དགོན་སྡེའི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ལས་དོན་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་《ཆོས་ལུགས་ལས་དོན་སྐོར་གྱི་སྲོལ་  ཡིག》དང་《སི་ཁྲོན་ཞིང་ཆེན་ཆོས་ལུགས་ལས་དོན་སྐོར་གྱི་སྲོལ་ཡིག》རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུས་ཀྱི་《བོད་བརྒྱུད་ནང་བསྟན་སྤྲུལ་སྐུ་ཡང་སྲིད་དོ་དམ་བྱེད་ཐབས》སོགས་ཀྱི་གཏན་འབེབས་ལ་གཞིགས་ནས་བསྒྲུབ་   དགོས།
ཆོག་མཆན་མ་ཐོབ་སྔོན།   རྩ་འཛུགས་གང་ཞིག་དང་མི་སྒེར་སུ་ཞིག་ཡིན་རུང་སྤྲུལ་སྐུ་ཡང་སྲིད་རྩད་གཅོད་དང་ངོས་འཛིན་བྱེད་མི་ཆོག《སྤྲུལ་སྐུའི་དཔང་ཡིག་》མ་ཐོབ་པའི་མི་སྣས་སྤྲུལ་སྐུའི་ཐོབ་ཐང་སྤྱོད་དེ་ནང་   བསྟན་བྱེད་སྒོ་སྤེལ་མི་ཆོག 
ལེའུ་ལྔ་པ།  ནང་བསྟན་བྱེད་སྒོའི་སྐོར།

དོན་ཚན་སོ་གསུམ་པ།    ནང་བསྟན་བྱེད་སྒོ་དེ་ནང་བསྟན་མཐུན་  ཚོགས་སམ་དགོན་གཉེར་ཁང་གིས་གཙོ་གཉེར་བྱེད་དགོས་པ་དང་།   སུས་གཙོ་གཉེར་བྱས་ན་དེས་འགན་ཁུར་བར་རྒྱུན་འཁྱོངས་དང་།   རེ་ཞུ་ཆོག་མཆན་ཐོབ་རྒྱུའི་ལམ་ལུགས་ལག་བསྟར་བྱེད་དགོས།
དོན་ཚན་སོ་བཞི་པ།    དགོན་གཉེར་ཁང་གིས་ལོ་མཇུག་ལ་དགོན་  སྡེས་འཆར་ལོར་སྤེལ་གྲབས་བྱེད་པའི་རྒྱུན་ལྡན་གྱི་ནང་བསྟན་བྱེད་སྒོ་དག་ལ་རྫོང་ནང་བསྟན་མཐུན་ཚོགས་དང་རྫོང་མི་དམངས་སྲིད་གཞུང་ཆོས་    ལུགས་ལས་དོན་སྡེ་ཁག་ལ་ཡིག་ཚགས་ཉར་རྒྱུའི་སྙན་སེང་འབུལ་དགོས།
དོན་ཚན་སོ་ལྔ་པ།   བོད་བརྒྱུད་ནང་བསྟན་ལ་དད་པའི་སྤྱི་དམངས་ཀྱི་ཐུན་མོང་རང་བཞིན་ཅན་གྱི་ནང་བསྟན་བྱེད་སྒོ་དེ།    ཐོ་འགོད་བྱས་པའི་དགོན་སྡེའི་ནང་དུའམ་ཡང་ན་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་ གཞུང་ཆོས་ལུགས་ལས་དོན་སྡེ་ཁག་གིས་ཆོག་མཆན་ཐོབ་པའི་གནས་གཞན་དུ་སྤེལ་དགོས་ཤིང་།    དེ་དགོན་སྡེའམ་ནང་བསྟན་མཐུན་ཚོགས་ཀྱིས་རྩ་འཛུགས་བྱས་ནས།  ཐོབ་ཐང་ལྡན་པའི་གྲྭ་བཙུན་གྱིས་གཙོ་སྐྱོང་བྱེད་དགོས།
དོན་ཚན་སོ་དྲུག་པ།    སྲིད་འཛིན་ས་ཁོངས་ལས་བརྒལ་བའི་གནས་སྐབས་རང་བཞིན་གྱི་ནང་བསྟན་བྱེད་སྒོ་དེ།   གཤམ་གྱི་གཏན་འབེབས་ལ་བརྩི་མཐུན་བྱེད་དགོས་ཏེ།
1、ཡུལ་ཚོ་(གྲོང་རྡལ་)ལས་བརྒལ་བའི་ནང་བསྟན་བྱེད་སྒོ་སྤེལ་ཚེ།     དགོན་སྡེ་གནས་ས་དེའི་རྫོང་མི་དམངས་སྲིད་གཞུང་ཆོས་ལུགས་ལས་དོན་སྡེ་ཁག་གིས་ཆོག་མཆན་ཐོབ་དགོས།   རྫོང་ལས་བརྒལ་བའི་ནང་བསྟན་བྱེད་སྒོ་སྤེལ་ཚེ།    ཕྱོགས་སོ་སོའི་རྫོང་མི་དམངས་སྲིད་གཞུང་ཆོས་ལུགས་ལས་ དོན་སྡེ་??ཁག་གིས་ཁུལ་མི་དམངས་སྲིད་གཞུང་ཆོས་ལུགས་ལས་དོན་སྡེ་ཁག་ལ་ཞུ་ནས་ཆོག་མཆན་ཐོབ་དགོས།  རང་སྐྱོང་ཁུལ་བརྒལ་བའི་ནང་བསྟན་ བྱེད་སྒོ་སྤེལ་ཚེ།    རིམ་པ་བཞིན་དུ་ཞིང་ཆེན་མི་དམངས་སྲིད་གཞུང་ཆོས་ ལུགས་ལས་དོན་སྡེ་ཁག་ལ་ཞུ་ནས་ཆོག་མཆན་ཐོབ་དགོས།
2、སྲིད་འཛིན་ས་ཁོངས་བརྒལ་བའི་ནང་བསྟན་བྱེད་སྒོ་སྤེལ་མཁན་གྱིས་ནང་བསྟན་བྱེད་སྒོ་སྤེལ་རྩིས་ཀྱི་ཉིན་30སྔོན་དུ་མི་དམངས་སྲིད་གཞུང་ཆོས་ལུགས་ལས་དོན་སྡེ་ཁག་ལ་རེ་ཞུ་འབུལ་དགོས།     རིམ་པ་སོ་སོའི་མི་དམངས་སྲིད་གཞུང་ཆོས་ལུགས་ལས་དོན་སྡེ་ཁག་གིས་ཞུ་ཡིག་འབྱོར་རྗེས་ སྤེལ་རྩིས་བྱ་བའི་ནང་བསྟན་བྱེད་སྒོའི་འབྲེལ་ཡོད་ནང་དོན་ལ་ཞིབ་བཤེར་ བྱས་ཏེ་ཞུ་ཡིག་འབྱོར་ནས་བཟུང་ཉིན་15ནང་།    ཆོག་མཆན་གནང་བའམ་མི་གནང་རྒྱུའི་ཐག་གཅོད་བྱེད་དགོས་པ་མ་ཟད།   ཡིག་ཐོག་ནས་ནང་བསྟན་བྱེད་སྒོ་སྤེལ་མཁན་ལ་བརྡ་གསལ་གཏོང་དགོས།    ཆོག་མཆན་མི་གནང་བའི་ཐག་གཅོད་ལ་རྒྱུ་མཚན་གསལ་བཤད་བྱེད་དགོས།
3、སྲིད་འཛིན་ས་ཁོངས་བརྒལ་བའི་ནང་བསྟན་བྱེད་སྒོ་སྤེལ་ས་དེའི་གྲོང་(སྡེ)ཨུ་ཡོན་ལྷན་ཁང་དང་ཡུལ་ཚོ་(གྲོང་རྡལ་)མི་དམངས་སྲིད་ གཞུང་།    རྫོང་མི་དམངས་སྲིད་གཞུང་མ་ཚད་འབྲེལ་ཡོད་སྡེ་ཁག་གིས་རང་ཉིད་ཀྱི་འགན་དབང་ལ་གཞིགས་ནས་དོ་དམ་ལག་ལེན་བྱེད་དགོས་ཏེ།   ནང་བསྟན་བྱེད་སྒོ་དེ་བདེ་འཇགས་དང་ཁྲིགས་ཆགས་ངང་ནས་སྤེལ་བར་འགན་སྲུང་བྱེད་དགོས།
ལེའུ་དྲུག་པ། ནང་བསྟན་དཀོར་ནོར་གྱི་སྐོར།

དོན་ཚན་སོ་བདུནཔ།    ནང་བསྟན་མཐུན་ཚོགས་དང་དགོན་སྡེའི་ཁྲིམས་ལྟར་དབང་བའི་ཁང་པ་དང་བེད་སྤྱོད་པའི་ས་ཞིང་སོགས།   དགོན་གཉེར་ཁང་གིས་ཁྲིམས་ལྟར་རྫོང་མི་དམངས་སྲིད་གཞུང་གི་ས་ཞིང་དང་ཁང་ཁོངས་དོ་དམ་སྡེ་ཁག་ལ་རེ་འདུན་ཞུ་ནས་ཐོ་འགོད་བྱས་ཏེ།   ས་ཞིང་སྤྱོད་དབང་ལག་ཁྱེར་དང་ཁང་པའི་བདག་དབང་ལག་ཁྱེར་ལེན་དགོས།   བདག་དབང་འཕོ་འགྱུར་གཏོང་ཚེ།    མི་དམངས་སྲིད་གཞུང་ཆོས་ལུགས་ལས་   དོན་སྡེ་ཁག་གི་བློ་ལ་བབ་དགོས་པ་མ་ཟད།   ད་དུང་འབྲེལ་ཡོད་སྡེ་ཁག་  ཏུ་འཕོ་འགྱུར་གཏོང་བའི་འགྲོ་ལུགས་བསྒྲུབ་དགོས།
ནང་བསྟན་མཐུན་ཚོགས་དང་དགོན་སྡེའི་ཁྲིམས་མཐུན་དབང་བའི་ཁང་པ་དང་བཟོ་བཀོད་དངོས་པོ།   སྒྲིག་ཆས།  བེད་སྤྱོད་པའི་ཁང་པ་དང་ཁྲིམས་མཐུན་སྤྱོད་པའི་ས་ཞིང་།   དེ་མིན་གྱི་ཁྲིམས་མཐུན་དཀོར་ནོར།    ཁྲིམས་མཐུན་ཕན་ཆ་ཡོང་སྒོ་བཅས་ལ་བཅའ་ཁྲིམས་ཀྱིས་སྲུང་སྐྱོང་བྱེད་རྒྱུ་ ཡིན།    རྩ་འཛུགས་གང་ཞིག་དང་མི་སྒེར་སུ་ཞིག་ཡིན་རུང་ནང་བསྟན་ དཀོར་ནོར་ལ་བཙན་བཟུང་དང་ལྐོག་བགོས།   གཞན་བཀོལ།   གཏོར་  བརླག་བཅས་བྱེད་མི་ཆོག་པ་དང་།   ཡང་ན་ཁྲིམས་མིན་གྱིས་སྒོ་ཐེལ་རྒྱག་པ་དང་བཙན་ཉར།   བསྡམས་བཅད།   གཞུང་བཞེས།    ཐག་གཅོད་བཅས་བྱེད་མི་ཆོག
དོན་ཚན་སོ་བརྒྱད་པ།   དགོན་སྡེས་གྲྭ་བཙུན་ལ་འདོན་སྤྲོད་བྱེད་པའི་ཁང་པ་སོགས་སྒྲིག་ཆས་དང་སྤྱོད་ཆས་ནི་དགོན་སྡེ་ལ་དབང་བ་དང་།   གྲྭ་བཙུན་གྱི་བེད་སྤྱོད་བྱེད་ཆོག་ལ་དོ་དམ་ཡང་ཡག་པོ་བྱེད་དགོས།
གྲྭ་བཙུན་སྐུ་གྲོངས་རྗེས།   བོད་བརྒྱུད་ནང་བསྟན་གྱི་ཆོས་ཁྲིམས་དང་གཤིས་སྲོལ་ལྟར་མི་སྒེར་ལ་དབང་བའི་རྒྱུ་ནོར་དེ་ཁྲིམས་ལྟར་རྒྱུན་འཛིན་   བྱེད་ཆོག
དོན་ཚན་སོ་དགུ་པ།   ནང་བསྟན་མཐུན་ཚོགས་དང་དགོན་སྡེས་བོད་བརྒྱུད་ནང་བསྟན་གྱི་གཤིས་སྲོལ་ལྟར་སྤྱི་དམངས་ཀྱིས་འབུལ་བ་ལེན་      ཆོག    འོན་ཀྱང་བགོ་འགྲེམ་དང་ཡང་ན་ཐབས་ཚུལ་སྒྱུར་བའི་བགོ་འགྲེམ་བྱེད་མི་ཆོག   དགོན་སྡེས་ཐུན་མོང་རང་བཞིན་གྱི་ནང་བསྟན་བྱེད་སྒོའི་ནང་གི་ཞལ་འདེབས་ཡོང་སྒོ་དེ།   ནང་བསྟན་མཐུན་ཚོགས་དང་དགོན་སྡེ་དེ་ཉིད་ཀྱི་དམིགས་ཡུལ་དང་མཐུན་པའི་བྱེད་སྒོའི་ནང་དུ་སྤྱོད་དགོས།  
དོན་ཚན་བཞི་བཅུ་པ།   དགོན་སྡེས་རྒྱལ་ཁབ་ཀྱི་ནོར་དོན་དང་རྩིས་གཉེར།   ཞིབ་རྩིས།   དཔྱ་ཁྲལ་བཅས་དོ་དམ་ལམ་ལུགས་ལག་བསྟར་བྱེད་དགོས་པ་དང་།    རྫོང་མི་དམངས་སྲིད་གཞུང་ཆོས་ལུགས་ལས་དོན་སྡེ་ཁག་ལ་ནོར་དོན་གཏོང་ཡོང་གནས་ཚུལ་དང་།    འབུལ་བ་བླངས་པ་དང་བེད་ སྤྱོད་བྱས་པའི་གནས་ཚུལ་སྙན་སེང་འབུལ་དགོས་པར་མ་ཟད།    ད་དུང་དགོན་སྡེའི་གྲྭ་བཙུན་དང་དད་ལྡན་སྤྱི་དམངས་ལ་ཁྱབ་བསྒྲགས་གཏོང་སྟེ།    ཁོང་ཚོས་ལྟ་སྐུལ་བྱེད་པར་དང་ལེན་བྱེད་དགོས།
ལེའུ་བདུན་པ།  བོད་བརྒྱུད་ནང་བསྟན་པར་སྐྲུན་དངོས་རིགས་ཀྱི་སྐོར།

དོན་ཚན་ཞེ་གཅིག་པ།    ནང་བསྟན་མཐུན་ཚོགས་དང་དགོན་སྡེ།   གྲྭ་བཙུན་བཅས་ཀྱིས་བོད་བརྒྱུད་ནང་བསྟན་ནང་ཁུལ་གྱི་དཔྱད་ཡིག་རང་བཞིན་གྱི་པར་སྐྲུན་དངོས་རིགས་རྩོམ་སྒྲིག་པར་འདེབས་དང་།   ཡོངས་   གྲགས་སུ་བཀྲམ་པའི་ནང་བསྟན་གྱི་པར་སྐྲུན་དངོས་རིགས་དང་སྒྲ་གཟུགས་ཐོན་རྫས་པར་སྐྲུན་བྱེད་པ་དེ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལ་ གཞིགས་ནས་འགྲོ་ལུགས་བསྒྲུབ་དགོས་པར་མ་ཟད་གཤམ་གྱི་ནང་དོན་དེ་དག་ཡོད་མི་ཆོག་སྟེ།
1、ཆོས་དད་སྤྱི་དམངས་དང་ཆོས་དད་མེད་པའི་སྤྱི་དམངས་བར་གྱི་མཐུན་འགྲིག་མཉམ་གནས་ལ་གཏོར་བཤིག་བྱེད་པ།
2、ཆོས་ལུགས་མི་འདྲ་བའི་བར་དང་ཆོས་ལུགས་ནང་ཁུལ་གྱི་མཐུན་འགྲིག་ལ་གཏོར་བཤིག་བྱེད་པ།
3、ཆོས་དད་སྤྱི་དམངས་སམ་ཆོས་དད་མེད་པའི་སྤྱི་དམངས་ལ་  མཐོང་ཆུང་དང་དམའ་འབེབས་བྱེད་པ།
4、མི་རིགས་ཁ་བྲལ་རིང་ལུགས་དང་ཆོས་ལུགས་མཐར་སོན་རིང་  ལུགས།    འཇིགས་སྐུལ་རིང་ལུགས་ཁྱབ་སྤེལ་དང་མཛེས་བཟོ་བྱེད་པ།
5、རང་ཚུགས་རང་བདག་རང་གཉེར་གྱི་རྩ་དོན་དང་རྒྱབ་འགལ་གཏོང་བ།
6、གཞན་མིན་གྱི་བཅའ་ཁྲིམས་ཁྲིམས་སྲོལ་གཏན་འབེབས་དང་འགལ་བའི་རིགས་བཅས་སོ།
དོན་ཚན་ཞེ་གཉིས་པ།    རྩ་འཛུགས་གང་ཞིག་དང་མི་སྒེར་སུ་ཞིག་  ཡིན་རུང་བོད་བརྒྱུད་ནང་བསྟན་གྱི་ཁྲིམས་མིན་པར་སྐྲུན་དངོས་རིགས་དང་སྒྲ་གཟུགས་ཐོན་རྫས་པར་སྐྲུན་དང་།    པར་འདེབས།    འདྲ་བཟོ།    ཉོ་ ཚོང་།    བདག་ཏུ་འཛིན་པ།    ཁྱབ་སྤེལ་བཅས་བྱེད་མི་ཆོག
ལེའུ་བརྒྱད་པ།  ནང་བསྟན་ཕྱི་འབྲེལ་ལས་དོན་གྱི་སྐོར།

དོན་ཚན་ཞེ་གསུམ་པ།    ནང་བསྟན་མཐུན་ཚོགས་དང་དགོན་སྡེ།    གྲྭ་བཙུན་བཅས་ཀྱིས་རྒྱལ་ཕྱིའི་ཆོས་ལུགས་རྩ་འཛུགས་སམ་ཆོས་ལུགས་མི་སྣ་བར་འགྲོ་འོང་དང་ཆོས་ལུགས་རིག་རྩལ་བརྗེ་རེས་བྱེད་སྐབས།   རང་     ཚུགས་རང་བདག་རང་གཉེར་གྱི་རྩ་དོན་རྒྱུན་འཁྱོངས་བྱས་ནས།   ཕན་   ཚུན་འདྲ་མཉམ་མཛའ་མཐུན་དང་།   བརྩི་རེས་ཐེ་གཏོགས་མེད་པར་བྱེད་དགོས།   
དོན་ཚན་ཞེ་བཞི་པ།    གྲྭ་བཙུན་གདན་འདྲེན་ཞུས་པས་ཕྱི་རྒྱལ་དུ་མཚམས་འདྲི་འགྲོ་བ་དང་ཆོས་ལུགས་རིག་རྩལ་སྤེལ་རེས་བྱེད་པའམ།   ཡང་ན་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་པ་སོགས་འགྲོ་ཚེ།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྤྱི་དམངས་རྒྱལ་མཚམས་འགྲོ་འོང་དོ་དམ་བཅའཁྲིམས》དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་《ཆོས་ལུགས་ལས་དོན་སྐོར་གྱི་སྲོལ་ཡིག》《སི་ཁྲོན་ཞིང་ཆེན་ཆོས་ལུགས་ལས་དོན་སྐོར་གྱི་སྲོལ་ཡིག》སོགས་བཅའ་  ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་ལྟར་སྒྲུབ་དགོས་པ་ལས་ཁྲིམས་  མིན་གྱིས་རྒྱལ་མཚམས་བརྒལ་ནས་འགྲོ་མི་ཆོག
དོན་ཚན་ཞེ་ལྔ་པ།    ནང་བསྟན་མཐུན་ཚོགས་དང་དགོན་སྡེ།   གྲྭ་བཙུན་བཅས་ཀྱིས་རྒྱལ་ཁབ་འབྲེལ་ཡོད་གཏན་འབེབས་ལྟར་རྒྱལ་ཕྱིའི་རྩ་འཛུགས་དང་མི་སྒེར་གྱི་འབུལ་བ་དང་ལེན་བྱེད་ཆོག

ལེའུ་དགུ་པ།  སྲིད་གཞུང་འགན་ནུས་ཀྱི་སྐོར།

དོན་ཚན་ཞེ་དྲུག་པ།    རང་སྐྱོང་ཁུལ་དང་རྫོང་།    ཡུལ་ཚོ་(གྲོང་  རྡལ་)མི་དམངས་སྲིད་གཞུང་ནི་བོད་བརྒྱུད་ནང་བསྟན་ལས་དོན་གྱི་དོ་དམ་བྱེད་མཁན་གཙོ་བོ་ཡིན།   དོ་དམ་དང་ཞབས་འདེགས་མཉམ་སྒྲུབ་བྱེད་པ་རྒྱུན་འཁྱོངས་བྱེད་དེ།   བོད་བརྒྱུད་ནང་བསྟན་ལས་དོན་དེ་སྤྱི་ཡོངས་ཀྱི་ལས་ཀའི་བཀོད་སྒྲིག་ནང་འཇོག་པ་དང་།   དགོན་སྡེར་སྤྱི་ཚོགས་ཐུན་མོང་ཞབས་འདེགས་མཁོ་སྤྲོད་བྱེད་དགོས།   རང་སྐྱོང་ཁུལ་དང་རྫོང་མི་དམངས་སྲིད་གཞུང་གིས་འབྲེལ་ཡོད་སྲིད་ཇུས་གཏན་འབེབས་བྱེད་པར་རྩ་འཛུགས་བྱེད་དེ།    འོག་རིམ་མི་དམངས་སྲིད་གཞུང་ལ་སྐུལ་འདེད་མཛུབ་སྟོན་དང་།   འབྲེལ་ཡོད་སྡེ་ཁག་ལ་གཅིག་གྱུར་མཐུན་སྦྱོར་བྱེད་དེ་བོད་བརྒྱུད་ནང་བསྟན་ལས་ཀ་ལེགས་སྒྲུབ་བྱེད་དགོས། 
རང་སྐྱོང་ཁུལ་དང་རྫོང་མི་དམངས་སྲིད་གཞུང་གིས་ནང་བསྟན་   མཐུན་ཚོགས་ཀྱི་ལས་ཀའི་གྲོན་དངུལ་ནི་རིམ་མཚུངས་ནོར་སྲིད་སྔོན་རྩིས་སུ་འཇོག་ནས།   ནང་བསྟན་མཐུན་ཚོགས་དང་དགོན་གཉེར་ཁང་གི་གྲུབ་མིར་དུས་བཅད་དཔྱད་ཞིབ་ཚད་བསྡུར་བྱེད་པའི་ལམ་ལུགས་དང་ཁ་གསབ་    རོགས་རམ།   གཟེངས་བསྟོད་བྱ་དགའ་གནང་བའི་སྒྲིག་ལུགས་འཛུགས་དགོས།   རྒྱལ་གཅེས་ཆོས་གཅེས་དང་།  ལས་ལ་བརྩོན་པ།   དོ་དམ་གྲུབ་འབྲས་མངོན་གསལ་ཐོབ་མཁན་ལ་ཁ་གསབ་རོགས་རམ་དང་གཟེངས་   བསྟོད་བྱ་དགའ་སྤྲད་དགོས།
དོན་ཚན་ཞེ་བདུན་པ།    རང་སྐྱོང་ཁུལ་དང་རྫོང་མི་དམངས་སྲིད་གཞུང་ཆོས་ལུགས་ལས་དོན་སྡེ་ཁག་གིས་ཁྲིམས་ལྟར་རང་གི་མངའ་ཁོངས་ནང་གི་ཆོས་ལུགས་ལས་དོན་ལ་སྲིད་འཛིན་དོ་དམ་ལས་ཀའི་འགན་ཁུར་བ་ལ།   གཤམ་གྱི་འགན་ནུས་བསྒྲུབ་དགོས་ཏེ།
1、གྲྭ་བཙུན་ལ་རྩ་ཁྲིམས་དང་བཅའ་ཁྲིམས།  ཁྲིམས་སྲོལ།   མི་རིགས་ཆོས་ལུགས་སྲིད་ཇུས་དྲིལ་བསྒྲགས་སློབ་གསོ་སྤེལ་བར་རྩ་འཛུགས་བྱེད་པ།
2、རང་གི་དབང་ཚད་ལྟར་དུ་ནང་བསྟན་མཐུན་ཚོགས་དང་དགོན་སྡེ།   གྲྭ་བཙུན།   ནང་བསྟན་བྱེད་སྒོ་དོ་དམ་ནང་གི་འབྲེལ་ཡོད་སྲིད་འཛིན་བྱ་བ་ལ་སྙན་ཞུ་དང་ཞིབ་བཤེར།   ཆོག་མཆན།   ཡིག་ཚགས་ཉར་བ།
3、ནང་བསྟན་མཐུན་ཚོགས་དང་དགོན་གཉེར་ཁང་གི་འགན་ནུས་ སྤྱད་པ་དང་།    ནང་བསྟན་མཐུན་ཚོགས་དང་དགོན་གཉེར་ཁང་གིས་རྒྱལ་ཕྱིའི་འབུལ་བ་ལེན་པ།    ནང་བསྟན་འཛུགས་སྐྲུན་དངོས་པོ་བཟོ་སྐྲུན་བྱེད་པ་ལ་ལྟ་སྐུལ་བྱེད་པ།
4、འོག་རིམ་མི་དམངས་སྲིད་གཞུང་ཆོས་ལུགས་ལས་དོན་སྡེ་ཁག་གི་ལས་ཀར་ཞིབ་བཤེར་དང་མཛུབ་སྟོན་བྱེད་པ།   ནང་བསྟན་མཐུན་ཚོགས་ཀྱི་ལས་ཀར་མཛུབ་སྟོན་དང་རྒྱབ་སྐྱོར་བྱེད་པ།
5、སྤྲུལ་སྐུ་ཡང་སྲིད་ལས་ཀ་སྤེལ་བར་རྩ་འཛུགས་དང་།  གྲྭ་བཙུན་གསོ་སྐྱོང་དང་སློབ་གསོ།   དོ་དམ་བཅས་ལ་འགན་འཁུར་བ།
6、དགོན་གཉེར་ཁང་གི་འདེམས་སྐོར་སོགས་ལས་ཀར་མཛུབ་སྟོན་དང་།   བོད་བརྒྱུད་ནང་བསྟན་དང་འབྲེལ་བའི་འགལ་ཟླ་རྩོད་གླེང་ལ་  མཐུན་སྦྱོར་དང་ཐག་གཅོད་བྱེད་པ།
7、བོད་བརྒྱུད་ནང་བསྟན་ལས་རིགས་པའི་ལུགས་མཐུན་རེ་བ་བསྡུ་ལེན་དང་ཡར་ཞུ་བྱེད་པ།    གནས་ཚུལ་གལ་ཆེན་སྙན་ཞུ་ཕུལ་བ།    ལས་ཀའི་གྲོས་གཞི་འདོན་པ། 
8、ཁྲིམས་ལྟར་འགན་དབང་ཁྱབ་ཁོངས་ནང་གི་སྲིད་འཛིན་ཆད་    གཅོད་དབང་ཆ་དང་དེ་མིན་གྱི་སྲིད་འཛིན་ཆོག་མཆན་དབང་ཆ་སྤྱོད་པ་བཅས་སོ།
དོན་ཚན་ཞེ་བརྒྱད་པ།    རང་སྐྱོང་ཁུལ་དང་རྫོང་མི་དམངས་སྲིད་ གཞུང་གི་འཕེལ་རྒྱས་དང་བཅོས་སྒྱུར།   ནོར་སྲིད།   སློབ་གསོ།   འཕྲོད་བསྟེན།   སྤྱི་བདེ།   འཆར་འགོད་འཛུགས་སྐྲུན།  རྒྱལ་ས་ཐོན་ཁུངས།   འགྲིམ་འགྲུལ་སྐྱེལ་འདྲེན།    ཆུ་དོན།   དམངས་སྲིད།   རིག་གནས་ལུས་ རྩལ་དང་རྒྱང་བསྒྲགས་བརྙན་འཕྲིན།   བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་    སོགས་འགན་ནུས་སྡེ་ཁག་སོ་སོས་རང་ཉིད་ཀྱི་འགན་དབང་ཁྱབ་ཁོངས་ནང་དགོན་སྡེའི་སྤྱི་ཚོགས་ཅན་གྱི་དོ་དམ་འགན་དབང་བསྒྲུབ་དགོས།    ཁྲིམས་ལྟར་བོད་བརྒྱུད་ནང་བསྟན་ལས་དོན་དང་འབྲེལ་བའི་སྲིད་འཛིན་དོ་དམ་དང་སྤྱི་པའི་ཞབས་འདེགས་ལ་འགན་འཁུར་དགོས།
དོན་ཚན་ཞེ་དགུ་པ།    ཡུལ་ཚོ་(གྲོང་རྡལ་)མི་དམངས་སྲིད་གཞུང་གིས་རྫོང་མི་དམངས་སྲིད་གཞུང་ཆོས་ལུགས་ལས་དོན་སྡེ་ཁག་གི་མཛུབ་སྟོན་    འོག     ཁོངས་གཏོགས་དོ་དམ་ལག་ལེན་བྱས་ནས།    མངའ་ཁུལ་ནང་གི་བོད་བརྒྱུད་ནང་བསྟན་ལས་དོན་ལ་དོ་དམ་དང་ཞབས་འདེགས་བྱ་རྒྱུ་ལ་འགན་འཁུར་བ་དང་།   དགོན་གཉེར་ཁང་གི་ལས་ཀར་མཛུབ་སྟོན་དང་མཐུན་སྦྱོར།   འབྲེལ་བ།   ཞིབ་བཤེར་བྱེད་དགོས།   གྲྭ་བཙུན་ལ་འབྲེལ་  ཡོད་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་སྲིད་ཇུས་དྲིལ་བསྒྲགས་གཏོང་དགོས་པ་དང་།   རྫོང་མི་དམངས་སྲིད་གཞུང་ཆོས་ལུགས་ལས་དོན་སྡེ་ཁག་ལ་  འབྲེལ་ཡོད་གནས་ཚུལ་སྙན་ཞུ་འབུལ་དགོས།
གྲོང་(སྡེ་)ཨུ་ཡོན་ལྷན་ཁང་གིས་ཡུལ་ཚོ་(གྲོང་རྡལ་)མི་དམངས་ སྲིད་གཞུང་ལ་གཞོགས་འདེགས་བྱས་ནས་བོད་བརྒྱུད་ནང་བསྟན་ལས་དོན་ལ་དོ་དམ་དང་ཞབས་འདེགས་ཀྱི་ལས་ཀ་ལེགས་སྒྲུབ་བྱེད་དགོས།
ལེའུ་བཅུ་པ།   ཁྲིམས་འབྲེལ་འགན་འཁྲིའི་སྐོར།

དོན་ཚན་ལྔ་བཅུ་པ།    རྒྱལ་ཁབ་ལས་བྱེད་མི་སྣས་བོད་བརྒྱུད་ནང་བསྟན་ལས་དོན་དོ་དམ་ལས་ཀའི་ནང་།   དབང་ཆ་རང་དགར་སྤྱོད་པ་དང་།    ལས་འགན་སྣང་མེད་ལྷོད་གཡེང་དུ་གཏོང་བ།   ཉེ་ཕྱོགས་གཡོ་ཟོལ་བྱེད་པ་བཅས་ལ།   གནས་ས་དེའི་ལས་ཁུངས་སམ་གོང་རིམ་གཙོ་བདག་ལས་ཁུངས་ཀྱིས་སྲིད་འཛིན་ཐོག་ཆད་གཅོད་བྱེད་དགོས།   ནག་ཉེས་སུ་གྱུར་པ་ལ།    ཁྲིམས་ལྟར་ཉེས་དོན་གྱི་འགན་འཁྲིའི་བདའ་འདེད་གཏོང་དགོས།
དོན་ཚན་ང་གཅིག་པ།    བཙན་ཤེད་ཀྱིས་སྤྱི་དམངས་ལ་བོད་བརྒྱུད་ནང་བསྟན་དད་པ་བྱེད་བཅུག་པའམ་བྱེད་མི་འཇུག་པ།  ནང་བསྟན་མཐུན་ཚོགས་དང་དགོན་སྡེའི་རྒྱུན་ལྡན་གྱི་ནང་བསྟན་བྱེད་སྒོ་སྤེལ་བར་བཀག་ འགོག་བྱེད་པར།    རྫོང་ཡན་གྱི་མི་དམངས་སྲིད་གཞུང་ཆོས་ལུགས་ལས་  དོན་སྡེ་ཁག་གིས་ཡོ་བསྲང་བྱེད་དགོས་པའི་བཀའ་ཕབ་དགོས།   བདེ་འཇགས་དོ་དམ་དང་འགལ་བའི་བྱ་སྤྱོད་ཡོད་ན།   སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་ཆད་པ་གཅོད་དགོས།
ནང་བསྟན་མཐུན་ཚོགས་དང་དགོན་སྡེ།    དད་ལྡན་སྤྱི་དམངས་བཅས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་བཙན་གནོད་བྱས་པར།   ཁྲིམས་ལྟར་དམངས་དོན་གྱི་འགན་འཁྲི་འཁུར་དགོས་པ་དང་།   ནག་ཉེས་སུ་གྱུར་པ་ལ།    ཁྲིམས་ལྟར་ཉེས་དོན་གྱི་འགན་འཁྲིའི་བདའ་འདེད་གཏོང་དགོས།
དོན་ཚན་ང་གཉིས་པ།   སྲོལ་ཡིག་འདིའི་དོན་ཚན་དྲུག་པའི་གཏན་འབེབས་དང་རྒྱབ་འགལ་བྱས་ཏེ།   སྤྱི་དམངས་ཀྱི་མི་ལུས་ཁེ་དབང་དང་དམངས་གཙོ་ཁེ་དབང་ལ་བཙན་གནོད་བྱས་པ་དང་།    སྤྱི་སྒེར་གྱི་རྒྱུ་ནོར་ལ་བཙན་གནོད་བྱས་པ་སོགས་ནག་ཉེས་སུ་གྱུར་པ་ལ།    ཁྲིམས་ལྟར་ཉེས་ དོན་གྱི་འགན་འཁྲིའི་བདའ་འདེད་གཏོང་དགོས།    ནག་ཉེས་སུ་མ་གྱུར་པ་ལ།   འབྲེལ་ཡོད་གཙོ་གཉེར་སྡེ་ཁག་གིས་ཁྲིམས་ལྟར་སྲིད་འཛིན་ཐོག་གི་ཆད་པ་གཅོད་དགོས།   སྤྱི་དམངས་དང་ཁྲིམས་མི།   ཡང་ན་རྩ་འཛུགས་གཞན་དག་ལ་གྱོ ང་གུན་གཏོང་བ་ལ།   ཁྲིམས་ལྟར་དམངས་དོན་གྱི་འགན་འཁྲི་འཁུར་དགོས།
དོན་ཚན་ང་གསུམ་པ།    ནང་བསྟན་མཐུན་ཚོགས་དང་དགོན་སྡེས་  སྲོལ་ཡིག་འདིའི་གཏན་འབེབས་དང་རྒྱབ་འགལ་བྱས་ཏེ།    གཤམ་གྱི་གནས་ཚུལ་སྣེ་གཅིག་ཡོད་ན།    རྫོང་རིམ་པ་ཡན་ཆད་ཀྱི་མི་དམངས་སྲིད་གཞུང་ཆོས་ལུགས་ལས་དོན་སྡེ་ཁག་གིས་ཡོ་བསྲང་བྱེད་དགོས་པའི་བཀའ་ཕབ་དགོས།   གནད་དོན་ཅུང་ཚབས་ཆེན་ཡིན་ན་ཐོ་འགོད་དོ་དམ་ལས་ཁུངས་ཀྱིས་ནང་བསྟན་མཐུན་ཚོགས་དང་དགོན་སྡེར་ཐད་ཀར་འགན་འཁུར་བའི་གཙོ་འགན་མི་སྣ་བརྗེ་འཐེན་བྱེད་དགོས་པའི་བཀའ་ཕབ་དགོས།   གནད་དོན་ཚབས་ཆེན་ཡིན་ན།   ཐོ་འགོད་དོ་དམ་ལས་ཁུངས་ཀྱིས་དེ་ཉིད་ཐོ་འགོད་མེད་པར་བྱེད་དགོས།    ཁྲིམས་འགལ་གྱི་རྒྱུ་རྫས་ཡོད་ན་གཞུང་  བཞེས་གཏོང་དགོས་ཏེ།
1、གཏན་འབེབས་ལྟར་ཐོ་འགོད་འཕོ་འགྱུར་རམ་ཐོ་འགོད་སྙན་   སེང་གི་འགྲོ་ལུགས་བསྒྲུབས་མེད་པ།
2、འབྲེལ་ཡོད་དོ་དམ་ལམ་ལུགས་བཙུགས་མེད་པའམ་དོ་དམ་ལམ་ལུགས་དེ་བླང་བྱ་དང་མི་མཐུན་པ།
3、དགོན་སྡེའི་ནང་དུ་ལས་འཛོལ་ཆེན་པོ་དང་དོན་རྐྱེན་ཆེན་པོ་བྱུང་ཚེ་དུས་ཐོག་ཏུ་ཡར་ཞུ་མ་ཕུལ་བས་མཇུག་འབྲས་ཚབས་ཆེན་བྱུང་བ།
4、རང་ཚུགས་རང་བདག་རང་གཉེར་གྱི་རྩ་དོན་དང་འགལ་བ།
5、རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་དང་འགལ་ཏེ།    རང་དགས་རྒྱལ་ཕྱི་ནང་གི་རྩ་འཛུགས་དང་མི་སྒེར་གྱི་འབུལ་བ་བླངས་པ།
6、ཐོ་འགོད་དོ་དམ་ལས་ཁུངས་ཀྱིས་ཁྲིམས་ལྟར་ལྟ་སྐུལ་དོ་དམ་ལག་བསྟར་བྱེད་པ་ལ་དང་ལེན་མི་བྱེད་པ་བཅས་སོ། །
དོན་ཚན་ང་བཞི་པ།  རང་དགས་དགོན་སྡེའི་ཕྱི་རོལ་དུ་བླ་གབ་མེད་པའི་ནང་བསྟན་འདྲ་བརྙན་བཟོ་སྐྲུན་བྱེད་པ་ལ།    རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་ཆོས་ལུགས་ལས་དོན་སྡེ་ཁག་གིས་འཛུགས་སྐྲུན་དང་  རྒྱལ་ས་སྡེ་ཁག་སོགས་དང་མཉམ་དུ་ཁྲིམས་ལྟར་ལས་མཚམས་འཇོག་པ་དང་དུས་བཅད་ནང་དུ་གཞིག་རྒྱུའི་བཀའ་ཕབ་དགོས།    ཐད་ཀར་འགན་ཁུར་མི་སྣར་འགན་འཁྲིའི་བདའ་འདེད་གཏོང་དགོས།     དགོས་ངེས་སྐབས་སུ་ཁྲིམས་ལྟར་བཙན་ཤེད་ཀྱིས་ལག་ལེན་བྱེད་ཆོག 
དོན་ཚན་ང་ལྔ་པ།    རང་དགས་དགོན་སྡེ་བཙུགས་པ་དང་ནང་  བསྟན་སློབ་གླིང་ངམ་ཆོས་སྦྱོང་འཛིན་གྲྭ་བཙུགས་པ་ལ།   རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་ཆོས་ལུགས་ལས་དོན་སྡེ་ཁག་གིས་མེད་པ་གཏོང་རྒྱུ་དང་ཁྲིམས་འགལ་གྱི་ཡོང་འབབ་གཞུང་བཞེས་གཏོང་རྒྱུ།   ཁྲིམས་འགལ་གྱི་ཁང་པ་དང་བཟོ་བཀོད་དངོས་པོ་ཡོད་ན་འཛུགས་སྐྲུན་གཙོ་གཉེར་སྡེ་ཁག་གིས་ཁྲིམས་ལྟར་ཐག་གཅོད་བྱེད་རྒྱུ།   བདེ་འཇགས་དོ་དམ་དང་འགལ་ན།   སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་བདེ་འཇགས་དོ་དམ་ཐོག་གི་ཆད་པ་གཅོད་དགོས།
དོན་ཚན་ང་དྲུག་པ།    རང་དགས་སྲིད་འཛིན་ས་ཁོངས་བརྒལ་ཏེ་ནང་བསྟན་བྱེད་སྒོ་སྤེལ་བ་ལ།    རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་   གཞུང་ཆོས་ལུགས་ལས་དོན་སྡེ་ཁག་གིས་བྱེད་སྒོ་མཚམས་འཇོག་དགོས་པའི་བཀའ་ཕབ་དགོས།   ཁྲིམས་འགལ་ཡོང་འབབ་ཡོད་ན།    ཁྲིམས་འགལ་  ཡོང་འབབ་དེ་གཞུང་བཞེས་གཏོང་རྒྱུ།   དེ་དང་ཆབས་གཅིག་ཏུ་ཁྲིམས་འགལ་ཡོང་འབབ་ཀྱི་ལྡབ་གཅིག་ཡན་ཆད་ནས་ལྡབ་གསུམ་མན་ཆད་ཀྱི་ཆད་པ་གཅོད་ཆོག
དོན་ཚན་ང་བདུན་པ།    ནང་བསྟན་སློབ་གླིང་ངམ་ཆོས་སྦྱོང་འཛིན་གྲྭས་གཏན་འབེབས་དང་འགལ་ནས་ཆོས་སྦྱོང་གྲྭ་བཙུན་བསྡུ་ལེན་བྱེད་པ་དང་།    གྲྭ་བཙུན་གྱིས་རང་དགས་དགོན་སྡེའི་ཕྱི་རོལ་དུ་ནང་བསྟན་བྱེད་སྒོ་སྤེལ་བའམ་དགོན་གཉེར་ཁང་གི་དོ་དམ་དང་ལེན་མི་བྱེད་པ་ལ།    རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་ཆོས་ལུགས་ལས་དོན་སྡེ་ཁག་གིས་ཡོ་བསྲང་བྱེད་དགོས་པའི་བཀའ་ཕབ་དགོས།    ཁྲིམས་འགལ་ཡོང་འབབ་ཡོད་ན།    ཁྲིམས་འགལ་ཡོང་འབབ་དེ་གཞུང་བཞེས་གཏོང་དགོས།   གནད་  དོན་ཚབས་ཆེན་ཡིན་ན།   ནང་བསྟན་མཐུན་ཚོགས་དང་མི་དམངས་སྲིད་གཞུང་ཆོས་ལུགས་ལས་དོན་སྡེ་ཁག་གིས་ཐད་ཀར་འགན་ཁུར་བའི་གྲྭ་བཙུན་གྱི་ཐོབ་ཐང་མེད་པ་གཏོང་དགོས།    བདེ་འཇགས་དོ་དམ་དང་འགལ་བའི་བྱ་སྤྱོད་ཡོད་ན།    སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་བདེ་འཇགས་དོ་དམ་ཐོག་གི་ཆད་པ་གཅོད་དགོས།
དོན་ཚན་ང་བརྒྱད་པ།    སྤྱི་དམངས་ཀྱིས་གྲྭ་རྫུན་བྱེད་པའམ་གྲྭ་  བཙུན་དཀྱུས་མས་སྐྱེས་ཆེན་དམ་པར་བརྫུས་ནས་ནང་བསྟན་བྱེད་སྒོ་སྤེལ་བ་ལ།   རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་ཆོས་ལུགས་ལས་དོན་སྡེ་ཁག་གིས་བྱེད་སྒོ་མཚམས་འཇོག་དགོས་པའི་བཀའ་ཕབ་དགོས།    ཁྲིམས་འགལ་ཡོང་འབབ་ཡོད་ན།     ཁྲིམས་འགལ་ཡོང་འབབ་དེ་གཞུང་བཞེས་གཏོང་དགོས།    བདེ་འཇགས་དོ་དམ་དང་འགལ་བའི་བྱ་སྤྱོད་ཡོད་ན།    སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་བདེ་འཇགས་དོ་དམ་ཐོག་གི་ཆད་པ་ གཅོད་དགོས།   ནག་ཉེས་སུ་ གྱུར་པ་ལ།    ཁྲིམས་ལྟར་ཉེས་དོན་གྱི་འགན་འཁྲིའི་བདའ་འདེད་གཏོང་དགོས།
དོན་ཚན་ང་དགུ་པ།    གྲྭ་བཙུན་ཁྲིམས་མིན་གྱིས་ཕྱི་རྒྱལ་དུ་འགྲོ་བ་ལ།     དགོན་གཉེར་ཁང་གིས་གྲྭ་ཐོ་ལས་འཐེན་དགོས།   ནང་བསྟན་མཐུན་ཚོགས་དང་མི་དམངས་སྲིད་གཞུང་ཆོས་ལུགས་ལས་དོན་སྡེ་ཁག་གིས་གྲྭ་བཙུན་དེའི་ཐོབ་ཐང་མེད་པ་གཏོང་དགོས།
དོན་ཚན་དྲུག་ཅུ་པ།    སྲོལ་ཡིག་འདིའི་ནང་རེ་རེ་བཞིན་དུ་མ་འགོད་པའི་ཁྲིམས་འགལ་བྱ་སྤྱོད་གཞན་པ་ལ།    འབྲེལ་ཡོད་བཅའ་ཁྲིམས་དང་  ཁྲིམས་སྲོལ་གྱི་གཏན་འབེབས་ལྟར་ཆད་པ་གཅོད་རྒྱུ། 
དོན་ཚན་རེ་གཅིག་པ།    མི་དམངས་སྲིད་གཞུང་དང་འབྲེལ་ཡོད་འགན་ནུས་སྡེ་ཁག་གི་སྲིད་འཛིན་བྱ་སྤྱོད་དངོས་ལ་ཁས་མ་བླངས་ན།       ཁྲིམས་ལྟར་སྲིད་འཛིན་བསྐྱར་གྲོས་བྱེད་རྒྱུའི་རེ་འདུན་ཞུ་ཆོག་པ་དང་།     སྲིད་འཛིན་བསྐྱར་གྲོས་ཀྱི་ཐག་གཅོད་ལ་ཁས་མ་བླངས་ན།    ཁྲིམས་ལྟར་ སྲིད་འཛིན་གཏུག་བཤེར་བྱེད་ཆོག 
ལེའུ་བཅུ་གཅིག་པ།  ཞར་བྱུང་།
དོན་ཚན་རེ་གཉིས་པ།    རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གིས་ སྲོལ་ཡིག་འདི་གཞིར་བཟུང་ནས་ལག་ལེན་བྱེད་ཐབས་གཏན་འབེབས་བྱེད་ཆོག
       དོན་ཚན་རེ་གསུམ་པ།    སྲོལ་ཡིག་འདི་2011ལོའི་ཟླ་12ཚེས་   1ཉིན་ནས་བཟུང་ལག་ལེན་བསྟར་རྒྱུ་ཡིན་ནོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1