ཞི་ཅིན་ཕིང་ཧེ་ལུང་ཅང་འཐུས་ཚབ་ཚོགས་པའི་གྲོས་ཚོགས་ལ་ཞུགས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-08


  སྤྱི་ཟླ་3པའི་ཚེས་7ཉིན།  ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་ཧེ་ལུང་ཅང་འཐུས་ཚབ་ཚོགས་པའི་གྲོས་ཞིབ་ལ་ཞུགས། ཞི་ཅིན་ཕིང་གིས་འཐུས་མིས་བཏོན་པའི་བསམ་འཆར་ལ་གཟབ་ནན་སྒོས་གསན་བཞིན་འཐུས་མི་དག་དང་བསམ་འཆར་བརྗེ་རེས་བྱས། ཁོང་གིས་ཤར་བྱང་ས་ཁུལ་གྱི་བཟོ་ལས་རྟེན་གཞི་རྙིང་བ་དར་སྤེལ་གཏང་རྒྱུ་ནི་རྒྱལ་ཁབ་ཀྱི་འཐབ་ཇུས་གལ་ཆེན་ཞིག་ཡིན་ལ། གཙོ་བོ་དང་དཀའ་གནད་དམ་འཛིན་བྱས་ཏེ་ཕྱོགས་ཡོངས་ནས་གསར་གཏོད་དང་མཐུན་སྦྱོར། ལྗང་མདོག སྒོ་འབྱེད། མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་ལག་བསྟར་བྱ་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པས་ལས་ཀར་ཚད་འཇལ་དང་འགུལ་སྤྱོད་ལ་མཛུབ་སྟོན། ལས་བྱེད་པ་སྦྱོར་བརྡར་བྱ་དགོས། འཕེལ་རྒྱས་གསར་པའི་འདུ་ཤེས་ལག་བསྟར་བྱེད་པའི་གོ་རིམ་ཁྲོད་གོ་སྐབས་འཚོལ་ཞིབ་དང་ཁྱད་ཆོས་དམིགས་འཛིན། ལེགས་ཆ་རྒྱ་བསྐྱེད་བཅས་བྱ་དགོས། དེ་མིན་ཕྱོགས་ཡོངས་ནས་བཅོས་སྒྱུར་གཏིང་ཟབ་ཏུ་སྤེལ་ཏེ་གསར་གཏོད་ཡར་བསྐྱེད་ལ་གནོད་པའི་ལམ་ལུགས་གྱི་བར་ཆད་ལས་ཐར་བར་བྱ་དགོས་པ་དང་ཧུར་ཐག་གིས་ཕྱོགས་ཡོངས་ནས་ཕྱི་ཕྱོགས་ལ་སྒོ་འབྱེད་པར་སྐུལ་འདེད་དང་དམངས་འཚོར་ལེགས་བཅོས་དང་འགན་སྲུང་། སྐྱེས་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་ཏེ་རྒྱུུན་མཐུད་འཕེལ་རྒྱས་ལ་བར་སྟོང་བསྐྲུན་ནས་རྗེས་རབས་པར་དྭངས་གཙང་གི་ཁྱིམ་གཞིས་ཤིག་བསྐྲུན་དགོས་ཞེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1