སི་ཁྲོན་གྱིས་གྲོང་ཁྱེར་དང་ཡུལ་ཤོག་གི་འོས་འགན་སློབ་གསོའི་གཞུང་སྤྱོད་འགྲོ་གྲོན་མ་དངུལ་གཅིག་གྱུར་བཟོས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-09


      གྲོང་ཁྱེར་དང་ཡུལ་ཤོག་གི་འོས་འགན་སློབ་གསོའི་སློབ་གྲྭས་(དམངས་བཙུགས་སློབ་གྲྭ་ཚུད།)སློབ་ཆུང་སློབ་མ་རེ་ལ་ལོ་རེ་སྒོར་600ལས་མི་དམའ་བ་དང་སློབ་འབྲིང་སློབ་མ་རེ་ལ་ལོ་རེ་སྒོར་800ལས་མི་དམའ་བའི་ཚད་གཞི་ལྟར་སྤྱི་སྤྱོད་གྲོན་དངུལ་ཁ་གསབ་བྱ་དགོས།
      གསར་འགོད་པས་ཚེས་6ཉིན་སི་ཁྲོན་ཞིང་ཆེན་སློབ་གསོ་ཐིང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོ་ནས་བཟུང་རང་རེའི་ཞིང་ཆེན་གྱིས་གྲོང་ཁྱེར་དང་གྲོང་གསེབ་གྱི་འོས་འགན་སློབ་གསོའི་གཞུང་སྤྱོད་འགྲོ་གྲོན་གཅིག་གྱུར་བྱེད་རྒྱུ་རེད།
    བསྡོམས་བརྩིས་བྱས་པ་ལྟར་ན། སི་ཁྲོན་གྱི་འོས་འགན་སློབ་གསོའི་དུས་རིམ་གྱི་སློབ་མ་ཁྱོན་བསྡོམས་མི་གྲངས་ཁྲི་789.3ཡོད། དེའི་རྨང་གཞིའི་སྟེང་རྒྱུན་སྡོད་ལམ་ལུགས་ཀྱི་སློབ་གྲྭའི་སློབ་མ་རེ་ལ་ལོ་རེ་ཆ་སྙོམས་སྒོར་200གྱི་ཚད་གཞིས་སྤྱི་སྤྱོད་འགྲོ་གྲོན་ཁ་གསབ་ཇེ་མང་དུ་གཏང་རྒྱུ་རེད། གྲོང་སྡེའི་མི་གྲངས་100མི་ལོན་པའི་སློབ་གྲྭ་ལ་མི་100ཡིས་སྤྱི་སྤྱོད་འགྲོ་གྲོན་གྱི་ཚད་གཞི་གཏན་འཁེལ་བྱེད་པ་དང་། མུ་མཐུན་དུ་ས་བབ་མཐོ་བའི་ས་ཁུལ་གྱི་འོས་འགན་སློབ་གསོའི་སློབ་གྲྭར་དྲོད་ལེན་འགྲོ་གྲོན་གྱི་གསབ་དངུལ་རོགས་སྐྱོར་གཏང་དགོས། དམིགས་བསལ་སློབ་གསོའི་སློབ་གྲྭ་དང་འཛིན་གྲྭར་ཞུགས་ནས་སློབ་སྦྱོང་བྱེད་མཁན་གྱི་དབང་བོ་སྐྱོན་ཅན་གྱི་སློབ་མ་རེར་ལོ་རེའི་སྤྱི་སྤྱོད་རོགས་དངུལ་སྒོར་600ལྟར་སྤྲོད་རྒྱུ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1