2020ལོར་ཚན་རྩལ་ཞབས་ཞུའི་ལས་རིགས་ཀྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་5000ཟིན་པར་བརྩོན་དགོས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-09


     མིག་སྔར། རང་རེའི་ཞིང་ཆེན་གྱིས་《སི་ཁྲོན་ཞིང་ཆེན་ཚན་རྩལ་ཞབས་ཞུའི་ལས་རིགས་ཀྱི་འཕེལ་རྒྱས་འཆར་འགོད(2016—2020》པར་འགྲེམ་བྱས་ཤིང་། ཚན་རྩལ་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ཀྱི་དམིགས་ཚད་དང་བྱ་ཐབས་ཁ་གསལ་དུ་བཏང་། 《འཆར་འགོད།》ནང་དུ་2020ལོར་སླེབས་སྐབས། རང་རེའི་ཞིང་ཆེན་དུ་གཞི་རྩའི་ཆ་ནས་ཚན་རྩལ་གསར་གཏོད་ཀྱི་མ་ལག་ཡོངས་སུ་ཁྱབ་པའི་ཞབས་ཞུའི་ཐོན་ལས་ཀྱི་མ་ལག་འགྲུབ་དགོས་ལ། ཞིང་ཆེན་ཡོངས་ཀྱི་ཚན་རྩལ་ཞབས་ཞུའི་ལས་རིགས་ཀྱི་ལས་ཞུགས་སྡེ་ཁག་ཁྲི་5ཟིན་པ་དང་རྒྱལ་ཁབ་ཕྱི་ནང་གི་མཐོ་རིམ་ཤེས་ལྡན་མི་སྣ་ཁྲི་12འདུས་ཤིང་། ཚན་རྩལ་ཞབས་ཞུའི་ལས་ཞུགས་བྱེད་མཁན་མི་ཁྲི་100ཟིན་ལ། ཚན་རྩལ་ཞབས་ཞུའི་ལས་རིགས་ཀྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་5000ཟིན་པར་འབད་བརྩོན་བྱ་དགོས་ཞེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1