སི་ཁྲོན་ནི་མིང་དོན་མཚུངས་པའི་དཔལ་འབྱོར་གྱི་ཞིང་ཆེན་དུ་གྱུར།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-09


     སྤྱི་ཟླ་3པའི་ཚེས་8ཉིན་གྱི་སྔ་དྲོར། སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ཐེངས་བཞི་བའི་གྲོས་ཚོགས་ཀྱི་སི་ཁྲོན་འཐུས་ཚབ་ཚོགས་པས་ཚང་འཛོམས་གྲོས་ཚོགས་འཚོགས་ཤིང་མུ་མཐུད་དུ་སྲིད་གཞུང་གི་ལས་ཀའི་སྙན་ཞུར་གྲོས་ཞིབ་བྱས། དུས་མཚུངས་སུ་འཆར་གཞི་སྙན་ཞུ་དང་སྔོན་རྩིས་སྙན་ཞུར་ཞིབ་བཤེར་བྱས། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སི་ཁྲོན་ཞིང་ཆེན་ཨུ་ལྷན་གྱི་ཧྲུའུ་ཅི་ཝང་ཏུང་མིང་གིས་གསར་འགོད་པའི་འདྲི་བར་ལན་འདེབས་སྐབས་གསུངས་རྒྱུར། སི་ཁྲོན་ཞིང་ཆེན་ནི་མིང་དོན་མཚུངས་པའི་དཔལ་འབྱོར་གྱི་ཞིང་ཆེན་ཞིག་ཏུ་གྱུར་ཡོད་ཅེས་གསུངས།
     ཝང་ཏུང་མིང་གིས་སི་ཁྲོན་ནི་རྒྱལ་ཡོངས་དང་ནུབ་རྒྱུད་ས་ཁུལ་གྱི་གནས་ཡུལ་གལ་ཆེ་སར་གནས་ཡོད། ས་བབ་ཀྱི་ཁྱད་ཆོས་ངོས་ནས་བལྟས་ན། སི་ཁྲོན་ནི་རྒྱུད་གཅིག་ལམ་གཅིག་དང་འབྲི་ཆུའི་དཔལ་འབྱོར་རྒྱུད་ཀྱི་སྣོན་གནས་སུ་ཆགས་ཡོད་ལ། དེ་ནི་ནུབ་རྒྱུད་དང་ནང་ཕྱོགས་སྐམ་སའི་སྒོ་འབྱེད། ནུབ་རྒྱུད་གསར་སྤེལ་ཆེན་མོའི་འཐབ་ཇུས་ཀྱི་རྒྱབ་རྟེན་དང་འདེགས་སྐྱོར་གལ་ཆེན་ཞིག་ཡིན་ཞེས་བསྟན། 
     ཝང་ཏུང་མིང་གིས་དཔལ་འབྱོར་གྱི་སྟོབས་ཤུགས་ངོས་ནས་བལྟས་ན། སི་ཁྲོན་ནི་སྒོར་དུང་ཕྱུར་ཁྲི་3གྱིས་སྐས་རིམ་སྟེང་དུ་སླེབས་ཡོད། རྒྱལ་ཡོངས་ཀྱི་ཨང་རིམ་8པ་ནས་ཨང་རིམ་6པར་སླེབས། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དང་སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་གྱི་དངུལ་འཇོག སྤྱི་ཚོགས་ཀྱི་འཛད་སྤྱོད་ཐོན་རྫས་སིལ་ཚོང་སྤྱི་འབོར་སོགས་དཔལ་འབྱོར་གྱི་དམིགས་ཚད་གཙོ་གྲས་ནི་ནུབ་རྒྱུད་ས་ཁུལ་ནས་ཕལ་ཆེར་1/5ནས་1/4ལ་ཟིན་ཡོད།།
 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1