སྤྱི་ཟླ་3པའི་ཚེས་8ཉིན། ཕོང་ཡང་ཧྥེང་ཧོ་སྒྱུ་རྩལ་ཐང་ཆེན་དུ་བྱང་ཁོ་རེ་ཡའི་རྒྱལ་འཛུགས་མི་རིགས་སྒྱུ་རྩལ་ཚོགས་པས་རྒྱ་ཆེའི་ལྟད་མོ་བ་དག་ལ་གླུ་གར་གྱི་འཁྲབ་སྟོན་བྱས་ཏེ་རྒྱལ་སྤྱིའི་ངལ་རྩོལ་བུད་མེད་དུས་ཆེན་ལ་རྟེན་འབྲེལ་ཞུས་ཤིང་། དཔེ་སྟོན་བུད་མེད་ཀྱི་འཐུས་ཚབ་པ་དང་བྱང་ཁོ་རེ་ཡར་བཅའ་སྡོད་བྱས་པའི་གཞུང་ཚབ་ཚོགས་པ། རྒྱལ་སྤྱིའི་ལས་ཁུངས་ཀྱི་འཐུས་ཚབ། ཕྱི་རྒྱལ་གྱི་མི་སྣ་སོགས་བུད་མེད་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་མཛད་སྒོར་ཞུགས།།