སྤྱི་ཟླ་3པའི་ཚེས་9ཉིན། ཨ་རབ་ཀྱི་རྒྱལ་ས་ཨབ་དྷ་པེ་དང་དེའི་མཐའ་སྐོར་ས་ཁུལ་དུ་དྲག་ཆར་ཆེན་པོ་བབས་ཤིང་ཉིན་དེའི་སྔ་དྲོའི་མཁའ་འགྲིལ་མང་པོ་ཞིག་གནས་སྐབས་སུ་བཀོད་སྒྲིག་མ་བྱས་པ་དང་ས་གནས་དེ་གའི་ཡུལ་མིའི་འཚོ་བར་ཤུགས་རྐྱེན་ཆེན་པོ་ཐེབས། ཐེངས་འདིའི་གནམ་གཤིས་ནི་ལོ་ངོ་40རིང་ལ་ཐེངས་དང་པོར་འཕྲད་པ་རེད།།