དྲང་བདེན་གྱིས་སི་ཁྲོན་བོད་ཁུལ་གྱི་དམངས་འཚོ་ལེགས་བཅོས་ལས་ཀ་ལེགས་པོར་བསྒྲུབ་པ།

ཚེ་འཛིན་སྒྲོལ་དཀར་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་འཛིན་སྒྲོལ་དཀར།ཡོང་ཁུངས། སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 03-11


  2013ལོ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཆེས་ཐོག་མར་བོད་ཁུལ་གྱི་དམངས་འཚོ་ལས་གཞིའི་འཆར་འགོད་ལག་བསྟར་བྱས་ཤིང་།   དེར་བོད་ཁུལ་གྱི་སྡོད་ཁང་གསར་པའི་འཛུགས་སྐྲུན་དང་སློབ་གསོ་འཕེལ་རྒྱས་དར་སྤེལ། སྨན་བཅོས་འཕྲོད་བསྟེན་གྱི་ཆུ་ཚད་མཐོར་འདེགས། སྤྱི་ཚོགས་འགན་སྲུང་ལ་སྐུལ་འདེད།   རིག་གནས་དར་སྤེལ། དབུལ་སྐྱོར་དཀའ་སྒྲོལ་ལས་ཀ་བཅས་འདུས་ལ། ལོ་ངོ་གསུམ་གྱི་རིང་ལ་ཧ་ལམ་སྒོར་དུང་ཕྱུར་170བཏང་བ་རེད། 
  ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་སྐབས་སུ་རྔ་བ་ཁུལ་གྱིས་ཤུགས་ཆེན་པོའི་སྒོ་ནས་མུ་འབྲེལ་གཅིག་བསྡུའི་དབུལ་སྒྲོལ་ལས་ཀར་སྐུལ་འདེད་བཏང་བ་དང་། དབུལ་སྐྱོར་གྱི་རྣམ་པ་ཆེན་པོ་གཞི་རྩའི་ཆ་ནས་ལེགས་འགྲུབ་བྱུང་།    མི་ཁྲི་12.9་དབུལ་ཕོངས་ལས་སྒྲོལ་བ་དང་མི་ཁྲི་35.2ཀྱི་སྡོད་ཁང་ཆ་རྐྱེན་ལེགས་བཅོས་བྱས།  གྲོང་ཁྱེར་དང་ཡུལ་ཤོག་སྡོད་མིའི་མི་རེ་ལོ་རེའི་ཆ་སྙོམས་ཀྱི་བཀོལ་སྤྱོད་བྱས་ཆོག་པའི་ཡོང་འབབ་སོ་སོར་10.3%དང་21.3%ལ་འཕར། 
  འཐུས་མི་རྣམས་ཀྱིས་བཏོན་པའི་མགྱོགས་མྱུར་སྒོས་སི་ཁྲོན་ནས་མཚོ་སྔོན་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་འཛུགས་སྐྲུན་ལ་སྐུལ་འདེད་དང་བོད་ཁུལ་གྱི་རྣམ་པ་གསར་པའི་ཞིང་སྡེའི་སྨན་བཅོས་མཉམ་འབྲེལ་ལམ་ལུགས་འཐུས་ཚང་། སི་ཁྲོན་བོད་ཁུལ་གྱི་འགྲིལ་འགྲུམ་འཛུགས་སྐྲུན་ལ་ཤུགས་སྣོན་བྱེད་པ་སོགས་ཀྱི་གྲོས་གཞིར་ཀུན་གྱི་དོ་སྣང་དང་གྲོས་མོལ་གནང་།  
  འཐུས་མི་ཨུ་ཡོན་རྣམས་ཀྱིས་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་རྩ་དོན་(འཆར་ཟིན)ཁྲོད་མགྱོགས་མྱུར་སྒོས་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་འཕེལ་རྒྱས་སྔར་ལས་འབུར་ཐོན་གྱི་འཐབ་ཇུས་གོ་གནས་སུ་འཇོག་པ། བོད་ལྗོངས་དང་ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏང་བ་སོགས་ཀྱི་གྲོས་གཞི་བཏོན་ཏེ་སི་ཁྲོན་བོད་ཁུལ་ཀྱི་ལས་བྱེད་པ་དང་མང་ཚོགས་རྣམས་ཀྱི་འཕེལ་རྒྱས་ཡིད་ཆེས་སྲ་བརྟན་དུ་བཏང་།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1