རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་བཅོ་ལྔ་པ་འཚོགས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-15


            སྤྱི་ཟླ་3པའི་ཚེས་14ཉིན་གྱི་སྔ་དྲོར། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་བཅོ་ལྔ་པ་པེ་ཅིང་དུ་འཚོགས།  ཀྲུང་གོ་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེན་ཧྲེང་གིས་གྲོས་ཚོགས་ལ་གཙོ་སྐྱོང་གནང་།  

        གྲོས་ཚོགས་སྟེང་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཚོགས་ཀྱི་གྲོས་ཚོགས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱི་ལས་ཀའི་སྙན་ཞུའི་སྐོར་གྱི་་་གྲོས་ཆོད(འཆར་ཟིན)དང་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཚོགས་ཀྱི་གྲོས་བཏོན་ཨུ་ཡོན་ཚོགས་པས་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་པའི་གྲོས་གཞིར་ཞིབ་བཤེར་བྱས་པའི་སྐོར་གྱི་གནས་ཚུལ་སྙན་ཞུ་(འཆར་ཟིན)།  སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་བཞི་པའི་ཆབ་སྲིད་གྲོས་ཆོད་(འཆར་ཟིན)བཅས་ལ་གྲོས་འཆམ་བྱུང་།   དེ་མིན་གྲོས་ཚོགས་སྟེང་གོང་གི་ཡིག་ཆའི་འཆར་ཟིན་དེ་དག་སྤྱི་ཟླ་3པའི་ཚེས་14ཉིན་གྱི་ཕྱི་དྲོར་འཚོགས་གྲབས་ཡོད་པའི་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་པའི་མཇུག་སྒྲིལ་ཚོགས་འདུར་དབུལ་བའི་ཐག་གཅོད་བྱས།།  





དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1