ལིའུ་ཁྲེན་མིང་གིས་རྟའུ་རྫོང་ནས་དབུལ་སྒྲོལ་འགག་སྒྲོལ་ལས་ཀར་རྟོག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 03-16


    ཉེ་ཆར། དཀར་མཛེས་ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེན་མིང་གིས་རུ་ཁག་ཁྲིད་དེ་རྟའུ་རྫོང་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་ཀར་རྟོག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་། ཁོང་གིས་རྟའུ་རྫོང་གིས་རང་འགུལ་གྱིས་བསམ་གཞིག་གཏང་བ་དང་། བྱེད་ཐབས་ལ་ཤུགས་སྣོན་བྱེད་པ། དོན་དངོས་ཀྱི་ལས་ཀ་གཉེར་ནས་མུ་མཐུད་དུ་འཆམ་མཐུན་བརྟན་བརླིང་གི་རྣམ་པ་བཟང་པོ་སྲ་བརྟན་དུ་གཏང་བ་དང་། ནན་ཏན་ནུས་ལྡན་སྒོས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་ཁག་སྐུལ་འདེད་ལ་བཏང་ནས། ཧུར་ཐག་གིས་གྲོང་ཁྱེར་དང་གྲོང་སྡེའི་ཁོར་ཡུག་གི་རྣམ་པ་ལེགས་བཅོས་སུ་གཏང་བ་དང་། མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆུ་ཚད་ནུས་ལྡན་ངང་མཐོར་འདེགས་སུ་བཏང་ནས། ཁྱོན་ཡོངས་ནས་དབུལ་སྒྲོལ་འགག་སྒྲོལ་ལས་འགན་གྱི་དམིགས་ཚད་ལེགས་འགྲུབ་བྱུང་པར་འགན་ལེན་བྱ་དགོས་པའི་བླང་བྱ་བཏོན། 
    ལིའུ་ཁྲེན་མིང་གིས་རྟའུ་རྫོང་གིས་དོན་དངོས་ལ་ཟུང་འབྲེལ་བྱས་ཏེ་ཞིབ་ཚགས་ཀྱི་སྒོ་ནས་དབུལ་སྐྱོར་འགག་སྒྲོལ་འཐབ་ཇུས་རྩ་འཛུགས་ལག་བསྟར་བྱེད་པ་དང་། དབུལ་སྒྲོལ་འགག་སྒྲོལ་བྱེད་ཤུགས་ཆེ་རུ་བཏང་ནས། ཞིང་ཆེན་ཡོངས་རྒྱལ་ཡོངས་དང་མཉམ་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་མངོན་འགྱུར་བྱུང་ཐུབ་པ་ཁག་ཐེག་བྱ་དགོས་ཞེས་བསྟན།།
    དཀར་མཛེས་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཏོ་ནེ་ཁའེ་དང་དཀར་མཛེས་ཁུལ་ཨུའི་དྲུང་ཡིག་ཆེན་མོ་གཞོན་པ། རྟའུ་རྫོང་ཨུའི་འགན་འཁུར་བློ་མཐུན་གཙོ་བོ་བཅས་ཀྱིས་ཕེབས་རོགས་བྱས།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1