སི་ཁྲོན་འཐུས་མི་ཚོགས་པ་ཕྱིར་སི་ཁྲོན་དུ་ལོག་པ།
རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-18
སྤྱི་ཟླ་3པའི་ཚེས་16ཉིན་གྱི་ཕྱི་དྲོར། སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་བཞི་པར་ཞུགས་པའི་སི་ཁྲོན་འཐུས་མི་ཚོགས་པ་ཕྱིར་སི་ཁྲོན་དུ་ལོག
མཇུག་སྒྲིལ་མ་ཐག་པའི་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་བཞི་པའི་སྟེང་། སི་ཁྲོན་ཚོགས་པའི་འཐུས་མིས་སྙན་ཞུ་ཁག་དང་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་རྩ་གནད་ལ་ནན་ཏན་ངང་གྲོས་ཞིབ་བྱས་ཤིང་། ཚོགས་ཆེན་སྟེང་ལ་གྲོས་གཞི་13དང་བསམ་འཆར་431ཕུལ་ཡོད། གྲོས་གཞི་རེ་རེ་སི་ཁྲོན་གྱི་འཕེལ་རྒྱས་དང་མི་དམངས་ཀྱི་བདེ་སྐྱིད་ལ་འབྲེལ་བ་ཆེན་པོ་ཡོད། འཐུས་མི་ཚོས་བཤད་རྒྱུར། ཕྱིར་ལས་གནས་ སྟེང་ལོག་རྗེས། དུས་ཐོག་ཏུ་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱེད་པ་དང་། ལས་གནས་དངོས་ལ་རྐང་འཛུགས་པ་དང་ཧུར་ཐག་ངང་ལས་དོན་བསྒྲུབས་ཏེ། སི་ཁྲོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་དམངས་འཚོ་ལེགས་བཅོས་ལ་སྐུལ་འདེད་གཏང་ཆེད་སྔར་ལས་ལེགས་པའི་མཛད་རྗེས་འཇོག་པ་དང་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་རྣམ་པ་གསར་པ་བསྐྲུན་ཆེད་འབད་པ་བྱ་དགོས་པའི་རེ་བ་བསྟན།།