སི་ཁྲོན་གྱིས་མི་རིགས་སློབ་གསོ་སྟོབས་ཆེན་དུ་གཏོང་བའི་སྲིད་ཇུས་སྤེལ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-22


       ད་ལོ་དཔྱིད་ཀའི་སློབ་འགོ་ཚུགས་པ་ནས་བཟུང་། སི་ཁྲོན་གྱིས་རིན་མེད་གཉིས་ཞེས་པའི་སྲིད་ཇུས་ཞིང་ཆེན་ཡོངས་ཀྱི་གྲངས་ཉུང་མི་རིགས་ས་ཁུལ་དུ་ཁྱབ་བརྡལ་གཏོང་བ་དང་ངེས་གཏན་རྒྱ་བསྐྱེད་བྱེད་པ་ནི་ད་དུང་སློབ་ཞུགས་སྔོན་གྱི་ལོ་3རིང་གི་སློབ་གསོའི་འགྲོ་གྲོན་མེད་པར་བཟོ་བ་དེ་ཡིན། ཐད་ཀར་མཐོ་འབྲིང་སློབ་མ་ཁྲི་11ལྷག་དང་བྱིས་པ་ཁྲི་30ཙམ་ལ་ཕན་ཐོགས་ངེས། 
       སྲིད་ཇུས་གཉིས་བདེ་བླག་ངང་ལག་བསྟར་བྱེད་པར་འགན་སྲུང་བྱེད་པ་དང་། ཞིང་ཆེན་དང་། ཁུལ།(གྲོང་ཁྱེར།) རྫོང་བཅས་རིམ་པ་གསུམ་གྱི་ནོར་སྲིད་ཀྱིས་ལོ་རེར་མ་དངུལ་སྒོར་དུང་ཕྱུར་5ཡན་བཏང་བ་རེད། སི་ཁྲོན་ཞིང་ཆེན་སློབ་གསོ་ཐིང་མི་རིགས་སློབ་གསོ་ཁྲུའུ་ཡི་ཁྲུའུ་ཀྲང་ཚའེ་ཚུན་མིང་གིས་དེས་མི་རིགས་ས་ཁུལ་གྱིས་ཞིང་ཆེན་ནང་ཁུལ་ནས་ལོ་15ཡི་སློབ་ཡོན་མི་དགོས་པའི་སློབ་གསོ་ཐོག་མར་ལག་བསྟར་བྱས་པ་མཚོན་པ་དང་། ཞན་ཆ་ཁ་གསབ་དང་རྨང་གཞི་སྲ་བརྟན། གྲངས་ཉུང་མི་རིགས་ཀྱི་ས་ཁུལ་གཅིག་ཀྱང་རྗེས་སུ་གཏན་ནས་མི་ལུས་པ་བྱ་དགོས་ཞེས་བསྟན། སྔོན་གྱི་2009ལོར། སི་ཁྲོན་ནས་བོད་རིགས་ས་ཁུལ་གྱི་9+3སློབ་ཡོན་མི་དགོས་པའི་སློབ་གསོའི་འཆར་གཞི་ལག་བསྟར་བྱེད་འགོ་བརྩམས་པ་སྟེ། ལོ་དགུའི་འོས་འགན་སློབ་གསོའི་རྨང་གཞིའི་ཐོག ལོ་རེར་དམའ་རིམ་སློབ་འབྲིང་གི་མཐར་ཕྱིན་སློབ་མ་དང་སློབ་རིམ་མ་འཕར་པའི་མཐོ་རིམ་སློབ་འབྲིང་གི་མཐར་ཕྱིན་སློབ་མ་ཁྲི་1རྩ་འཛུགས་བྱས་ནས། ནང་ལོག་གི་སློབ་གྲྭར་སོང་ནས་ལོ་3གྱི་སློབ་ཡོན་མི་དགོས་པའི་འབྲིང་རིམ་ལས་རིགས་ཀྱི་སློབ་གསོ་དང་ལེན་བྱས་ཆོག
     མི་རིགས་ས་ཁུལ་གྱི་སློབ་གསོ་འཕེལ་རྒྱས་ཀྱི་ལོ་བཅུའི་བྱ་འགུལ་འཆར་གཞི་དང་སློབ་གསོ་དར་སྤེལ་གྱི་ཆེད་དོན་འཆར་གཞི། སློབ་གསོ་དབུལ་སྐྱོར་མཐོ་འདེགས་ལས་གཞི་སོགས་ལག་ལེན་བྱས་པ་བརྒྱུད། སི་ཁྲོན་གྱི་བོད་ཁུལ་དང་དབྱིས་ཁུལ་གྱི་སློབ་གསོའི་རྨང་གཞིའི་སྒྲིག་བཀོད་མངོན་གསལ་དོད་པོས་ཇེ་ལེགས་སུ་ཕྱིན་ཡོད། འདས་པའི་ལོ་ལྔའི་རིང་། སི་ཁྲོན་ཞིང་ཆེན་གྱི་རིམ་རྩིས་བྱས་པ་ལྟར་ན་མ་དངུལ་སྒོར་དུང་ཕྱུར་བརྒྱའི་ཡན་བཏང་ཟིན་པ་དང་། དེའི་ནང་ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭ་2000ལྷག་གསར་སྐྲུན་དང་བསྐྱར་སྐྲུན་བྱས། དེང་རབས་སློབ་གསོའི་དྲ་བ་ཡང་མགྱོགས་མྱུར་སྒོས་བོད་ཡུལ་དང་དབྱིས་ཁུལ་དུ་ཐོན་ཡོད། ས་ཁུལ་དང་། གྲོང་ཁྱེར་རམ་གྲོང་གསེབ་ཀྱི་སློབ་ཁྲིད་ཀྱི་ཁྱད་པར་རིམ་བཞིན་ཇེ་ཆུང་དུ་བཏང་ཡོད། དཀར་མཛེས་ཁུལ་གྱིས་ཉེ་བའི་ལོ་ཤས་རིང་རིམ་རྩིས་བྱས་པ་ལྟར་ན་སྒོར་དུང་ཕྱུར་3ལྷག་བསྡུ་སྒྲིག་བྱས་ནས་ཆ་འཕྲིན་ཅན་འཛུགས་སྐྲུན་བྱེད་པར་བཀོལ་པ་དང་། ཡུལ་ཤོག་གི་ལྟེ་བའི་སློབ་གྲྭ་ཡན་གྱི་སློབ་གྲྭ་བརྒྱ་ཆ་དགུ་བཅུ་ཙམ་ལ་འོད་སྐུད་མཐུད་འཇུག་བྱེད་ཐུབ་པ་དང་། དུས་མཉམ་དུ་ཁྲེང་ཏུའུ་ཡི་སྤུས་ལེགས་སློབ་ཁྲིད་ཀྱི་ཐོན་ཁུངས་མཉམ་སྤྱོད་བྱེད་ཐུབ།།





དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1