ལིའུ་ཡུན་ཧྲན་གྱིས་འཇར་མན་གྱི་སྲིད་འཛིན་ཀའོ་ཁུ་ལ་མཇལ་འཕྲད་གནང་།
རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-22
སྤྱི་3ཚེས་21ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཏང་གི་སློབ་གྲྭའི་སློབ་གཙོ་ལིའུ་ཡུན་ཧྲན་གྱིས་ཀྲུང་དབྱང་ཏང་གི་སློབ་གྲྭར་འཇར་མན་གྱི་སྲིད་འཛིན་ཀའོ་ཁུ་དང་མཇལ་འཕྲད་གནང་།
ལིའུ་ཡུན་ཧྲན་གྱིས་ཀའོ་ཁུ་ཡིས་ཀྲུང་དབྱང་ཏང་གི་སློབ་གྲྭར་མཚམས་འདྲིར་ཕེབས་ཏེ་ཆེད་མཁས་པ་དང་སློབ་གཉེར་པའི་ལྷན་དུ་བཞུགས་མོལ་བྱས་པར་དགའ་བསུ་ཞུས། ཁོང་གིས་ཉེ་བའི་ལོ་ཤས་རིང་ཀྲུང་འཇར་རྒྱལ་ཁབ་གཉིས་ཀྱི་དབུ་ཁྲིད་པས་འབྲེལ་འདྲིས་དམ་ཟབ་བྱས་ཏེ་རྒྱལ་ཁབ་གཉིས་ཀའི་འབྲེལ་བར་སྔར་བས་འཕེལ་རྒྱས་བྱུང་། ཀྲུང་གོའི་ཕྱོགས་ནས་འཇར་མན་དང་མཉམ་དུ་འབད་བརྩོན་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བདེ་ཐང་བརྟན་བརླིང་སྒོས་གོང་དུ་འཕེལ་བར་སྐུལ་འདེད་གཏང་འདོད་ཅེས་བསྟན།
ལིའུ་ཡུན་ཧྲན་གྱིས་ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་སྐྱོང་སྲིད་གཉེར་དང་རང་ངོས་འཛུགས་སྐྱོང་གི་གནས་ཚུལ་མཚམས་སྦྱོར་བྱས།
ཀའོ་ཁུ་ཡིས་ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་འབད་པ་ནི་ཚང་མས་ཤེས་གསལ་ལྟར་རེད། འཇར་མན་ཕྱོགས་ནས་ཀྲུང་གོ་དང་མཉམ་དུ་སྤེལ་རེས་དང་ཡིད་ཆེས་གོང་འཕེལ་དུ་བཏང་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་འཕེལ་རྒྱས་གསར་པ་ཐོབ་པར་སྐུལ་འདེད་གཏང་འདོད་ཅེས་བསྟན།།