ད་ལྟའི་བར་དུ་མིའི་རིགས་ཀྱིས་ད་དུང་རྒྱུ་སྐར་གཞན་པའི་སྟེང་དུ་ཚེ་སྲོག་གནས་ཡོད་མེད་ཤེས་མེད། ཡིན་ནའང་། དབྱིན་ཇིའི་ཚན་རིག་པས་མཉེན་ཆས་ཀྱིས་དབྱེ་ཞིབ་བྱས་པ་ལྟར་ན། སའི་གོ་ལ་མ་གཏོགས། དགུ་ཚིགས་ཀྱི་མ་ལག་ནང་ད་དུང་སྐར་མའི་གོ་ལ་40000སྟེང་དུ་རྒྱུ་སྐར་གཞན་པའི་མི་ཡོད་པ་དང་། དེའི་ནང་སྐར་མའི་གོ་ལའི་སྟེང་ད་དུང་ཧ་ཅང་དར་ཁྱབ་ཆེ་བའི་སྐར་མའི་གོ་ལ་གཞན་དག་གི་དཔལ་ཡོན་གནས་འདུག
ཏིན་ཁིན་ལགས་ཀྱིས་གློག་ཀླད་སྐོར་གྱི་མཉེན་ཆས་རིགས་ཤིག་ཇུས་འགོད་བྱས་པ་སྟེ། མཉེན་ཆས་འདིའི་ནང་དུ་མིའི་རིགས་ཀྱིས་ཤེས་ཟིན་པའི་སྐར་མའི་གོ་ལ་ཁྲི་330ཡི་གཞི་གྲངས་དང་དབྱེ་ཞིབ་འཚོལ་སྡུད་བྱས་ཏེ། བསྡུར་ཚད་ཅི་ཙམ་ལྡན་ན་སྐར་མའི་གོ་ལར་མཐུན་ཞིང་འཚམ་པའི་ཚེ་སྲོག་འཚོ་ཐུབ་པའི་ཆ་རྐྱེན་སྐོར་གྱི་གཞི་གྲངས་རྩིསབརྒྱབ། མཉེན་ཆས་ཀྱིས་དཔག་རྩིས་བརྒྱབ་པའི་བསྡུར་ཚད་འདི་བཀོལ་སྤྱོད་བྱས་ཤིང་། མཁའ་དབུགས་ཀྱི་དྲོད་གྲང་དང་ཆུ། ཡང་ན་གཏེར་རྫས་རིགས་ཀྱི་གྲུབ་ཆ་སོགས་རྒྱུ་རྐྱེན་གལ་ཆེན་བཀོལ་ཏེ། དགུ་ཚིགས་མ་ལག་ཡོད་ཚད་ཀྱི་ནང་དུ་ཚེ་སྲོག་འཚོ་ཐུབ་པའི་སྐར་མའི་གོ་ལའི་གྲངས་ཀ་འདེད་རྩིས་བྱས་རྗེས། དགུ་ཚིགས་མ་ལག་ཁྲོད་ཀྱི་སྐར་མའི་གོ་ལ་40000སྟེང་དུ་ཚེ་སྲོག་གནས་པ་དང་། དེའི་ནང་དུ་མ་མཐའ་ཡང་སྐར་མའི་གོ་ལ་361སྟེང་ཧ་ཅང་དར་ཁྱབ་ཆེ་བའི་རིག་ནུས་ཀྱི་ཚེ་སྲོག་གནས་འདུག
ཞིབ་འཇུག་ལས་ཤེས་གསལ་ལྟར་ན། རྒྱུ་སྐར་གཞན་པའི་མི་དེ་དག་གིས་ཕལ་ཆེར་སའི་གོ་ལ་དང་བར་ཐག་འོད་ལོ་20000ནས་འོད་ལོ་30000ཡོད་པའི་སྐར་མའི་གོ་ལའི་སྟེང་དུ་འཚོ་གནས་བྱེད་བཞིན་ཡོད་པས། མིའི་རིགས་ལ་ཡོད་པའི་ད་ལྟའི་ཚན་རིག་ལག་རྩལ་ལས་འདི་དག་དང་འབྲེལ་གཏུག་བྱེད་དཀའ་བ་རེད། ཚན་རིག་པ་ཧྥའུ་ཀིན་གྱིས་བལྟས་ན། མིའི་རིགས་ཀྱིས་དུས་ཡུན་ལོ་300ནས་400བཀོལ་ན། ད་དུང་ང་ཚོ་དང་ཧ་ཅང་ཐག་རིང་བའི་སྐར་མའི་གོ་ལ་གཞན་དག་གི་མི་འདི་དག་དང་འབྲེལ་གཏུག་བྱེད་ཐུབ་སྙམ།།
(《ཚན་རྩལ་ཆ་འཕྲིན་ཚགས་པར》ལས་བཏུས་ཤིང་བསྒྲིགས)
2015ལོའི་ཟླ་10པའི་ཚེས་23ཉིན་གྱིས་《མཚོ་སྔོན་བོད་ཡིག་གསར་འགྱུར།》ལས་བཤུས།