ཀྲུང་གོ།(སི་ཁྲོན།)-བལ་བོའི་དཔལ་འབྱོར་ཚོང་དོན་མཉམ་འབྲེལ་འོས་སྦྱོར་ཚོགས་འདུ་ཁྲེན་ཏུའུ་རུ་འཚོགས།
རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-28
སྤྱི་ཟླ་3པའི་ཚེས་27ཉིན། ཀྲུང་གོ།(སི་ཁྲོན།)-བལ་བོའི་དཔལ་འབྱོར་ཚོང་དོན་མཉམ་འབྲེལ་འོས་སྦྱོར་ཚོགས་འདུ་ཁྲེན་ཏུའུ་རུ་འཚོགས། སི་ཁྲོན་གྱི་ཁེ་ལས་80ལྷག་དང་བལ་བོའི་ཕྱོགས་ཀྱི་ཁེ་ལས་30ལྷག་གི་འཐུས་ཚབ་ཚོགས་འདུར་ཞུགས་ཡོད། བལ་བོའི་ཙུང་ལི་ཨོ་ལིས་ཚོགས་འདུར་ཞུགས་པའི་སི་ཁྲོན་གྱི་ཁེ་ལས་དག་ལ་བལ་བོ་འོས་སྦྱོར་བྱས།
ན་ནིང་ལོ་མཇུག་གི་བར་དུ། སི་ཁྲོན་དུ་ཁྱོན་བསྡོམས་དངུལ་འཇོག་ཁེ་ལས་4ཡོད་ལ། གན་རྒྱ་བཞག་པའི་ཕྱི་ཕྱོགས་ཀྱི་མ་དངུལ་ཨ་སྒོར་ཁྲི་22ཟིན། སི་ཁྲོན་གྱིས་བལ་བོ་རུ་མ་དངུལ་འཇོག་པར་ཁེ་ལས་5བཙུགས་ཡོད་ལ། ཞིབ་བཤེར་ཆོག་མཆན་ཐོབ་པའི་ཀྲུང་གོའི་ཕྱོགས་ཀྱི་མ་དངུལ་ཨ་སྒོར་ཁྲི་5400ཟིན་ཡོད། བལ་བོའི་4.25ས་ཡོམ་ཆེན་མོའི་རྗེས་སུ། སི་ཁྲོན་གྱི་ལས་ཁུངས་དང་ཁེ་ལས་མང་པོ་གེགས་རྗེས་བསྐྱར་སྐྲུན་ལས་ཀར་ཞུགས། དུས་མཚུངས་སུ་དམངས་གཉེར་ཁེ་ལས་ཁག་གཅིག་གིས་བལ་བོ་ནས་གློག་ཤུགས་དང་རྨང་གཞིའི་སྒྲིག་བཀོད་སོགས་ཀྱི་ཁྱབ་ཁོངས་ཀྱི་མཉམ་འབྲེལ་བཙུགས་ཟིན།།