ཞི་ཅིན་ཕིང་གིས་ཆེ་ཁིའི་ཚགས་པར་སྟེང་མིང་འགོད་རྩོམ་ཡིག་སྤེལ་བ།
རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-28
སྤྱི་ཟླ་3པའི་ཚེས་26ཉིན། ཆེ་ཁིར་རྒྱལ་དོན་འཚམས་འདྲི་མ་གནང་པའི་སྔོན་ལ་རྒྱབ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཆེ་ཁིའི་ 《ཁེ་དབང་ཚགས་པར།》སྟེང་ 《ཀྲུང་གོ་དང་ཆེ་ཁའི་འབྲེལ་བའི་དུས་རབས་ཀྱི་སྒྲ་དབྱངས།》ཞེས་པའི་མིང་འགོད་རྩོམ་ཡིག་ཅིག་སྤེལ།
ཞི་ཅིན་ཕིང་གིས་སྲིད་འཛིན་ཚེ་མེ་ཡིས་གདན་ཞུ་ལྟར་ངས་ཆེ་ཁི་སྤྱི་མཐུན་རྒྱལ་ཁབ་ལ་རྒྱལ་དོན་འཚམས་འདྲི་ཞུ་རྒྱུ་ཡིན། འདི་ནི་ངས་ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་འགན་ཁུར་ནས་ཐེངས་དང་པོ་ཆེ་ཁིར་འཚམས་འདྲི་ཞུས་པ་ཡིན། ངས་སྲིད་འཛིན་ཚེ་མེ་དང་ཆེ་ཁི་འགོ་ཁྲིད་གཞན་པ་རྣམས་དང་མཉམ་དུ་རྣམ་པ་གསར་པའི་འོག་གི་ཀྲུང་གོ་དང་ཆེ་ཁིའི་འབྲེལ་བའི་འཕེལ་རྒྱས་ཆུ་ཚད་དང་རྒྱལ་སྤྱི་དང་ས་ཁུལ་གལ་ཆེ་དག་གི་གནད་དོན་ལ་གཏིང་ཟབ་པའི་སྒོ་ནས་བསམ་ཚུལ་བརྗེ་རེས་བྱ་འདོད་ཅེས་བསྟན།
ཞི་ཅིན་ཕིང་གིས་ཉེ་བའི་ལོ་ཤས་ནང་། ཀྲུང་གོ་དང་ཆེ་ཁིའི་བར་གྱི་འབྲེལ་བར་འཕེལ་རྒྱས་ཆེན་པོ་བྱུང་ཡོད། ལོ་གཉིས་ཀྱི་རིང་ལ་ང་དང་སྲིད་འཛིན་ཚེ་མེ་ཐེངས་བཞི་ལ་མཇལ་འཕྲད་གནང་། རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་འགྲོ་འོང་དང་འཐབ་ཇུས་ཡིད་ཆེས་ཤུགས་སྣོན་དང་ཁྱབ་ཁོངས་སོ་སོའི་འགྲོ་འོང་མཉམ་ལས་ཀྱི་ཆུ་ཚད་ཇེ་མཐོར་གཏོང་པའི་ཐད་ལ་གཅིག་མཐུན་གྱི་ལྟ་བ་བྱུང་། 2015ལོའི་ལོ་མཇུག་ཏུ་ཕྱོགས་གཉིས་ཀྱིས་མཉམ་དུ་རྒྱུད་གཅིག་ལམ་གཅིག་གི་འཛུགས་སྐྲུན་ལ་སྐུལ་འདེད་གཏང་བའི་སྲིད་གཞུང་བར་གྱི་དགོངས་སེལ་བརྗེད་ཐོར་མིང་རྟགས་འགོད་ནས་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་བརྗེ་རེས་དང་མཉམ་ལས་ལ་སྔར་ལས་ཡངས་བའི་བར་སྟོང་ཞིག་བསྐྲུན་དགོས་ཞེས་བསྟན།
ཞི་ཅིན་ཕིང་གིས་ཀྲུང་གོ་ནི་ལོ་མང་པོའི་ནང་ཆེ་ཁིའི་ཡོ་རབ་མནའ་འབྲེལ་ལས་གཞན་པའི་བཟོ་ཚོང་གྲོགས་པོ་ཡིན་ལ། ཆེ་ཁི་ནི་ཀྲུང་གོའི་ཡོ་རབ་དབུས་ཤར་ས་ཁུལ་གྱི་ཨང་གཉིས་པའི་བཟོ་ཚོང་གྲོགས་པོ་ཡིན། 2015ལོར་ཀྲུང་གོ་དང་ཆེ་ཁི་ཕྱོགས་གཉིས་ཀྱི་ཚོང་དོན་དངུལ་གྲངས་ཨ་སྒོར་དུང་ཕྱུར་110ཟིན། ཀྲུང་གོ་དང་ཆེ་ཁིའི་ཉིང་རྡུལ་གློག་ཚིགས་དང་དངུལ་རྩ། མཁའ་ལམ། ཚན་རྩལ། ཞིང་ལས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཉིན་རེར་འཕེལ་རྒྱས་བྱུང་བཞིན་ཡོད་པར་མ་ཟད། མཉམ་ལས་ཀྱི་ཆུ་ཚད་དང་གཞི་ཁྱོན་ཡང་རྒྱུན་ཆད་མེད་པར་ཡར་རྒྱས་བྱུང་བཞིན་འདུག་ཅེས་བསྟན།།