སྐབས་ཉེར་བཞི་པའི་ཧྲང་ཧའེ་གློག་བརྙན་དཔྱད་བརྗོད་པའི་བྱ་དགའི་གཟེངས་བསྟོད་མཛད་སྒོ་མིག་སྔར་ཧྲང་ཧའེ་རུ་སྤེལ་ཞིང་། ཞི་བདེ་ཉི་མས་གློག་བརྙན་《ཐར་ལོ། 》ཁྲོད་ཀྱི་འབུར་དུ་ཐོན་པའི་འཁྲབ་རྩལ་ལ་བརྟེན་ནས་སྐབས་འདིའི་སྐྱེས་པའི་ཕུལ་བྱུང་འཁྲབ་སྟོན་པ་གསར་པའི་བྱ་དགའ་ཐོབ།
དེ་མིན་ཉེ་སྔོན་ཁོང་ལ་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་གློག་བརྙན་བྱ་དགའི་ཨེ་ཤ་ཡའི་ཆེས་དགའ་བསུ་ཐོབ་པའི་སྐྱེས་པ་འཁྲབ་སྟོན་པའི་མཚན་སྙན་ཐོབ།།