དབྱིན་ཇིའི་《ཉིན་རེའི་སྦྲག་སྲིད་ཚགས་པར།》ལས་བསྒྲགས་པའི་གནས་ཚུལ་ལྟར་ན། ཉེ་སྔོན་སྐབས་13པའི་ཨ་རིའི་《ཧྲི་སྨི་སེན་ཉི།》(Smithsonian Magazine)དུས་དེབ་ཁང་གི་ལོ་རེའི་བརྙན་ལེན་འགྲན་བསྡུར་ཁྲོད་བྱ་དགའ་ཐོབ་པའི་མིང་ཐོ་གསལ་བསྒྲགས་བྱས། ད་ལོར་དཔྱད་འདེམས་ཚོགས་པར་ཁྱོན་བསྡོམས་རྒྱལ་ཁབ་དང་ས་ཁུལ་168ནས་བསྐུར་པའི་བརྩམས་ཆོས་46000འབྱོར་ཞིང་། མཇུག་མཐར་ཕུལ་དུ་བྱུང་བའི་རི་མོའི་བརྩམས་ཆོས་དགུ་ལ་རང་བྱུང་འཇིག་རྟེན་དང་ཡུལ་སྐོར། ཁ་པར་གྱིས་བླངས་པའི་འདྲ་པར་སོགས་རིགས་མི་འདྲ་བ་དྲུག་གི་གཟེངས་རྟགས་ཐོབ།།