༄༅།། མི་ལུས་བདེ་ཐང་ལ་གནོད་པའི་གོམས་གཤིས་མི་ལེགས་པ་དགུ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-31


1. རྐང་བ་གཅིག་ཐོག་གཅིག་བཞག་ནས་བསྡད་ན་སྙིང་ཁམས་ལ་གནོད།

ཨ་མེ་རི་ཁས་ཁྲག་ཤེད་ལྟ་ཞིབ་ཚོད་འཛིན་དུས་དེབ་སྟེང་བཀོད་པའི་ཆེས་གསར་པའི་ཞིབ་འཇུག་ཤིག་ལས། རྐང་བ་གཅིག་ཐོག་ལ་གཅིག་བཞག་ནས་འདུག་པའི་འདུག་སྟངས་དེས་ཁྲག་རྩའི་འཁུམ་འདུ་གནོན་ཤུགས་དང་རྐྱོང་འབྱེད་གནོན་ཤུགས་གཉིས་སོ་སོར་བརྒྱ་ཆའི་བདུན་དང་བརྒྱ་ཆའི་གཉིས་ཙམ་ཇེ་མཐོར་གཏོང་སྲིད་པ་བསྟན།  ཁང་ཉིས་དིས་གིག་ཀྲོའུ་གི་སྙིང་ནད་ཆེད་མཁས་པ། སྨན་པ་འབུམ་རམས་པ་སི་ཏིས་ཧྥིན་སི་ན་ཐི་ལས་བསྟན་དོན། རྒྱུན་པར་རྐང་བ་གཅིག་ཐོག་ལ་གཅིག་བཞག་ནས་བསྡད་ན། དཔྱི་ཚིགས་ཀྱི་གནོན་ཤུགས་ཆེར་བཏང་ནས། རྐང་བའི་སྡོད་རྩ་གནོན་སྲིད་པར་མ་ཟད། ཐ་ན་ཁྲག་རེང་པོར་འགྱུར་བའི་ཉེན་ཁའང་འབྱུང་སྲིད། དེ་བས་མི་ཚང་མས་རྐང་བ་གཅིག་ཐོག་ལ་གཅིག་བཞག་ནས་བསྡད་ན་འདུག་ཡུན་སྐར་མ་བཅུ་ནས་བཅོ་ལྔ་ཙམ་ལས་མ་བརྒལ་ན་བཟང་། འདུག་ཡུན་ཆེས་རིང་ནའང་དུས་ཚོད་སྐར་མ་ཕྱེད་ཀའི་ནང་དུ་ལངས་ནས་ཡར་འགྲོ་མར་འགྲོ་རེ་བྱ་དགོས།

2. རྐང་བ་གཉིས་དྲང་མོར་ཡར་ལངས་ནས་བསྡད་ན་པུས་ཚིགས་ལ་གནོད།

ཨ་མེ་རི་ཁའི་ཅ་ཀྲོའུ་ཧོ་ཀུའི་རུས་ནད་ཚན་ཁག་ཞིབ་འཇུག་སའོ་ཡི་ཕྱི་ནད་ཆེད་མཁས་པ་ཏའེ་ཝེ་ཁི་ལོ་སི་ཡིས་བསྟན་དོན། རུས་ཚིགས་ཀྱི་ཤ་གནད་ལ་གྲུང་སྐུལ་དང་འདེགས་སྐྱོར་བྱས་ན། ལུས་ཀྱི་རུས་ཚིགས་རྣམས་བརྟན་པོར་གནས་ཐུབ། ཡར་ལངས་ནས་འདུག་སྐབས་པུས་མོ་སྲ་སྒྲིམ་ནས་བསྡད་ན་པུས་མོའི་བདེ་ཐང་ལ་གནོད་པས། ཆེད་མཁས་པས་ཡར་ལངས་ནས་འདུག་སྐབས། པུས་མོ་གཉིས་ཅུང་ཟད་བཀུག་ནས་བསྡད་ན་བཟང་ཟེར།

3. སྐ་རགས་དམ་དུ་བསྡམས་ན་ཕོ་སྐྱུར་ལྡོག་རྒྱུག་བྱ་ངེས།

ལོ་ཧྲན་ཅིའི་ཧྲིན་བིན་སིན་ཐི་སྨན་བཅོས་ལྟེ་གནས་ཀྱི་ཕོ་རྒྱུའི་ནད་ཀྱི་ཆེད་མཁས་པ་ཕ་ཐི་ལེ་ཁུ་ཁ་ཐ་ཧྭ་ཧྲིས་བསྟན་དོན། སྐ་རགས་དམ་དུ་བསྡམས་དྲགས་ན་གསུས་ཁོག་གི་གནོན་ཤུགས་ཇེ་ཆེར་གཏོང་སྲིད་པ་དང་།  དེ་ལས་ཕོ་སྐྱུར་ལྡོག་རྒྱུག་འབྱུང་བའི་ཉེན་ཁ་ཇེ་ཆེར་གྱུར་ནས། ཁ་དྲི་བྲོ་བ་དང་སེམས་འཚིག་པ། གསུས་སྟོད་ན་བ། ཡུན་རིང་བོར་ལུ་བ་བཅས་དང་ཡང་ན་ཟས་མིད་དཀའ་བ་སོགས་ཀྱི་ནད་རྟགས་འབྱུང་སྲིད།

4. རྒྱང་བགྲོད་རླངས་འཁོར་བསྐོར་ནས་ངལ་མ་གསོས་ན་སྡོད་རྩ་རེངས་འཁུམ་བྱེད་པའི་ཉེན་ཁ་ཇེ་ཆེར་འགྱུར་སྲིད།

འབུམས་རམས་པ་སི་ན་ཐི་ལས་བསྟན་དོན། རྒྱང་བགྲོད་རླངས་འཁོར་བསྐོར་ནས་ངལ་མི་གསོ་བའི་གནོད་པ་དང་རྐང་བ་གཅིག་ཐོག་ལ་གཅིག་བཞག་ནས་འདུག་པའི་གནོད་པ་གཉིས་ཧ་ལམ་མཚུངས་པས། རྒྱང་བགྲོད་རླངས་འཁོར་བསྐོར་ནས་སྤྱི་ལེ 160--240མཚམས་ནས་རླངས་འཁོར་བསྐོར་མཚམས་བཞག་ནས་ངལ་གསོ་བ་དང་། མར་བབས་ནས་ཡར་འགྲོ་མར་འགྲོ་རེ་བྱས་ན་རྐང་བ་དང་ཡང་ན་ལུས་ཡོངས་ཀྱི་ཁྲག་འཁོར་སྐྱོད་བྱེད་པར་ཕན་ངེས། 

5. གཅིན་བཀག་ན་གཅིན་ལམ་རེད་པའི་ནད་འབྱུང་བའི་ཉེན་ཁ་ཆེ།

ཨ་མེ་རི་ཁའི་ཅ་ཀྲོའུ་ལོ་ཧྲན་ཅིའི་སྨན་བཅོས་ཚོགས་པའི་གཅིན་ཟགས་ཕྱོགས་ཀྱི་ཆེད་མཁས་པ་རོས་ཡ་ཕུའུ་ལེན་ཁྲ་ལ་མུའུ་ཡིས་བསྟན་དོན། བུད་མེད་ཀྱི་གཅིན་ལམ་བལྟོས་བཅས་ཀྱིས་ཅུང་ཐུང་བས། དུས་ཡུན་རིང་བོར་གཅིན་བཀག་ན་གཅིན་ལམ་རེད་པའི་ནད་འབྱུང་སྲིད།

6.ཕྲག་པ་ཕྱོགས་གཅིག་ལ་ཁུར་ཁུག་ལྗིད་མོ་ཁུར་ན་ཕྲག་པར་གནོད།

ཕྲག་པ་ཕྱོགས་གཅིག་ལ་ཁུར་ཁུག་ཁུར་བ་དེ་དེང་སྐབས་ཚང་མར་གོམས་ལོབས་སུ་སོང་ཡོད་རུང་། དེ་ལྟར་དུས་ཡུན་རིང་བོར་ཕྲག་པ་ཕྱོགས་གཅིག་གིས་ཁུར་ཁུག་ལྗིད་མོ་ཁུར་ན། ཤ་གནད་ལ་དོ་མཉམ་ཤོར་ནས་བསྣད་པའམ་དལ་བའི་རང་བཞིན་གྱི་ཕྲག་པ་ན་བའི་ནད་འབྱུང་སྲིད། དེ་བས་ཁུར་ཁུག་ཁུར་སྐབས་རབ་ཡིན་ན་ལྗིད་མོ་མི་ཁུར་བ་དང་ཡང་ན་ཕྲག་པ་གཉིས་རེས་མོས་བྱས་ནས་ཁུར་ན་བཟང་།

7.འབྲས་སོབ་མེ་ཏོག་ཟོས་ན་གློ་བར་གནོད།

འབྲས་སོབ་མེ་ཏོག་ལས་དུས་བཀོལ་བའི་དྲི་ཞིམ་སྣུམ་སེར་དེ་ནི་ཧྲོང་ཡིས་ཞན་ཞེས་པའི་རྫས་འགྱུར་དངོས་རྫས་ཞིག་ཡིན་པས། གལ་ཏེ་མི་རྣམས་ཀྱིས་འབྲས་སོབ་མེ་ཏོག་ཟ་རྒྱུ་མང་ན་གློ་ནད་ལྗིད་མོ་འབྱུང་བའི་ཉེན་ཁ་ཡོད།

8. དུས་ཡུན་རིང་བོར་བརྙན་འཕྲིན་ལ་བལྟས་ནའང་བདེ་ཐང་ལ་གནོད།

དུས་ཡུན་རིང་བོར་བརྙན་འཕྲིན་གྱི་མདུན་དུ་མ་འགུལ་བར་བསྡད་ནས་བལྟས་ན། ཚེ་ཐག་ལོ་གཅིག་དང་ཕྱེད་ཀ་ཙམ་ཇེ་ཐུང་དུ་འགྲོ་སྲིད།

9.ཁའི་ནང་གི་གཙང་སྦྲ་དང་བདེ་ཐང་ལ་དོ་སྣང་བྱ་དགོས།

རྒྱུན་པར་སོ་མི་བཀྲུ་བའི་མི་ལ་སོ་ནད་འབྱུང་བར་མ་ཟད། སྙིང་ཁམས་ཁྲག་རྩའི་ནད་འབྱུང་ཚད་ཀྱང་ཇེ་ཆེར་འགྲོ་ངེས།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1