འབའ་ཐང་གིས་འཕྲིན་སྦྱོར་གསར་པ་བརྒྱུད་དེ་དཔལ་ཡོན་གསར་པ་བརྒྱུད་སྒྲོག་བྱས་པ།
ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ། ཚེ་བརྟན་སྒྲོལ་མ།ཡོང་ཁུངས། སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 04-12
ཉེ་ལམ། དཔལ་ཡོན་འབའ་ཐང་དང་འབའ་ཐང་བརྙན་འཕྲིན་ཞེས་པའི་འཕྲིན་ཕྲན་སྤྱི་སྟེགས་ཤར་གཏོང་བྱས་པར་འཕྲིན་ཕྲན་སྤྱོད་མཁན་མང་པོས་དོ་སྣང་ཆེན་པོ་ཐོབ།
དཔལ་ཡོན་འབའ་ཐང་ཞེས་པའི་སྐད་འཕྲིན་གྱི་སྟེགས་བུས་རྫོང་དེའི་དང་བླངས་ཞབས་ཞུ་དང་དཔལ་ཡོན་འཛུགས་སྐྲུན། མི་བཟང་དཔྱད་འདེམས་སོགས་ཀྱི་ལས་ཀ་ཁྱབ་བསྒྲགས་དང་དཔལ་ཡོན་གུས་སྲོལ་སྒྲོག་སྤེལ་བྱེད་པར་གཞོལ་བ་དང་། དྲ་ཐོག་ནས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་དང་དཔལ་ཡོན་འབའ་ཐང་དྲིལ་བསྒྲགས་བྱེད་པར་ནུས་པ་གང་ལེགས་འདོན་བཞིན་ཡོད། འབའ་ཐང་བརྙན་འཕྲིན་ཞེས་པའི་དྲིལ་བསྒྲགས་སྟེགས་བུས་བརྙན་རིས་ཀྱི་སྒོ་ནས་འབའ་ཐང་གི་གསར་འགྱུར་དང་རང་སྒྲུབ་ལེ་ཚན། ཡུལ་སྐོར། རིག་གནས་སོགས་ཀྱི་ནང་དོན་དང་གླུ་གཞས་ཀྱི་ལེ་ཚན་སྤེལ་པས་རྒྱ་ཆེའི་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ།
རྒྱུས་ལོན་བྱུང་པ་ལྟར་ན། དཔལ་ཡོན་འབའ་ཐང་དང་འབའ་ཐང་བརྙན་འཕྲིན་ཞེས་པའི་སྐད་འཕྲིན་སྟེགས་བུའི་དོ་ཁུར་བྱེད་མཁན་ཉིན་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད་ལ། དུས་ཡུན་ཉིན་བདུན་གྱི་རིང་མི་1000ལྷག་གིས་དོ་ཁུར་བྱས་པ་དང་བཀླགས་གྲངས་ཡང་ཐེངས་5000ལྷག་ཟིན།།