སི་ཁྲོན་ཞིང་ཆེན་གྱི་གཉིས་སློབ་གཅིག་སྒྲུབ་སློབ་སྦྱོང་སློབ་གསོ་ལས་ཀའི་བཞུགས་མོལ་ཚོགས་འདུ་འཚོགས་པ།
རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-18
སྤྱི་ཟླ་4པའི་ཚེས་14ཉིན་གྱི་སྔ་དྲོར། སི་ཁྲོན་ཞིང་ཆེན་གྱི་གཉིས་སློབ་གཅིག་སྒྲུབ་སློབ་སྦྱོང་སློབ་གསོ་ལས་ཀའི་བཞུགས་མོལ་ཚོགས་འདུ་ཁྲེན་ཏུའུ་རུ་འཚོགས། ཚོགས་འདིའི་སྟེང་གཏིང་ཟབ་པའི་སྒོ་ནས་ཞི་ཅིན་ཕིང་གི་གསུང་བཤད་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱས་པ་དང་། ཀྲུང་དབྱང་གི་གཉིས་སློབ་གཅིག་སྒྲུབ་སློབ་སྦྱོང་སློབ་གསོ་ལས་ཀའི་བཞུགས་མོལ་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་ལག་བསྟར་བྱས་པ་མ་ཟད། ཞིང་ཆེན་ཡོངས་ཀྱི་ཏང་ཡོན་ཁྲོད་དུ་གཉིས་སློབ་གཅིག་སྒྲུབ་སློབ་སྦྱོང་སློབ་གསོ་སྤེལ་པར་སྐུལ་སློང་དང་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་ཁོ་ཙུ་ཕིན་ཚོགས་འདུར་ཞུགས་ཤིང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལི་ཀོ་ཀྲུང་གིས་ཚོགས་འདུར་གཙོ་སྐྱོང་གནང་།
ཚོགས་འདུའི་སྟེང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཧྥན་རེ་ཕིན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཉིས་སློབ་གཅིག་སྒྲུབ་སློབ་སྦྱོང་སློབ་གསོ་སྤེལ་པར་གནང་བའི་མཛུབ་སྟོན་གལ་ཆེན་དང་ཀྲུང་དབྱང་གིས་སྤེལ་པའི་གཉིས་སློབ་གཅིག་སྒྲུབ་སློབ་སྦྱོང་སློབ་གསོ་ལས་ཀའི་བཞུགས་མོལ་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་བྱས། མན་དབྱང་གྲོང་ཨུ་དང་། ཀོང་ཡོན་གྲོང་ཨུ། རྔ་བ་ཁུལ་ཨུ། ཞིང་ཆེན་ཐད་གཏོགས་ལས་ཁུངས་ཀྱི་ལས་ཨུ། ཞིང་ཨུའི་སློབ་གསོའི་ལས་ཨུ། ཞིང་ཆེན་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་གྱི་འགན་འཁུར་བློ་མཐུན་གཙོ་བོ་དག་གིས་བསམ་བློ་བརྗེ་རེས་གནང་།
ཚོགས་འདུ་བརྙན་འཕྲིན་ཁ་པར་གྱི་རྣམ་པའི་སྟེང་ནས་གྲོང་ཁྱེར་དང་ཁུལ། རྫོང་དང་ཆུས་སོགས་ལ་འཚོགས་པ་རེད། ཁྲེན་ཏུའུ་རུ་ཡོད་པའི་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་དམངས་ཆེན་གྱི་རྒྱུན་ལས་ཨུ་ལྷན་གྱི་ཏང་ཡོན་ཀྲུའུ་རེན་གཞོན་པ། ཞིང་ཆེན་སྲིད་གཞུང་གི་ཏང་ཡོན་ཞིང་དཔོན་གཞོན་པ། སྲིད་དོན་སྐྱོང་རོགས། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཡོན་ཀྲུའུ་ཞི་གཞོན་པ། ཞིང་ཆེན་ཁྲིམས་ཁང་གི་ཁྲིམས་དཔོན། ཞིང་ཆེན་ཞིབ་དཔྱོད་ཁང་གི་འགན་འཛིན། ཞིང་ཆེན་ཏང་ཨུའི་ཏང་འཛུགས་སྐྲུན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་། ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ། ཞིང་ཆེན་ཐད་གཏོགས་སྡེ་ཁག་དང་ཏང་ཙུའུ་ཁག་གི་འགན་ཁུར་བློ་མཐུན་གཙོ་བོ། ཚན་ཞིབ་སྡེ་ཁག་དང་མཐོ་རིམ་སློབ་གྲྭ། རྒྱལ་གཉེར་ཁེ་ལས་ཁག་གི་ཏང་ཙུའུ་ཡི་འགན་ཁུར་བློ་མཐུན་གཙོ་བོ་བཅས་ཚོགས་ར་གཙོ་བོའི་ཚོགས་འདུར་ཞུགས།།
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1