ཀྲུང་གོའི་ན་ཆུང་གཞོན་ནུའི་འཕེལ་རྒྱས་གླེང་སྟེགས་ཟླ་10བའི་ནང་ཐེངས་དང་པོར་སི་ཁྲོན་ནས་སྤེལ་རྒྱུ་རེད།
རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-19
ཉེ་ཆར། གསར་འགོད་པས་གུང་གཞོན་ཚོགས་པ་ཞིང་ཆེན་ཏང་ཨུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཀྲུང་གོའི་ན་ཆུང་གཞོན་ནུའི་ཞིབ་འཇུག་ལྟེ་གནས་དང་ཀྲུང་གོའི་ན་ཆུང་གཞོན་ནུའི་ཞིབ་འཇུག་ཚོགས་པ། ཀྲུང་གོའི་གཞོན་ནུའི་ཆབ་སྲིད་སློབ་གླིང་། གུང་གཞོན་ཚོགས་པ་སི་ཁྲོན་ཞིང་ཆེན་ཏང་ཨུ་ཡིས་ཟླ་10པའི་ནང་ཁྲེན་ཏུའུ་རུ་མཉམ་འབྲེལ་སྒོས་སྐབས་བཅུ་གཉིས་པའི་ཀྲུང་གོའི་ན་ཆུང་གཞོན་ནུའི་འཕེལ་རྒྱས་གླེང་སྟེགས་སྤེལ་རྒྱུ་རེད། འདི་ནི་ཀྲུང་གོའི་ན་ཆུང་གཞོན་ནུའི་འཕེལ་རྒྱས་གླེང་སྟེགས་2005ལོར་གཉེར་བ་ནས་བཟུང་ཐེངས་དང་པོར་སི་ཁྲོན་དུ་གཉེར་བ་རེད།
སྐབས་འདིའི་གླེང་སྟེགས་ཀྱི་རྩོམ་བསྡུའི་བརྗོད་བྱ་གཙོ་བོ་ནི་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་སྐབས་ཀྱི་ན་ཆུང་གཞོན་ནུའི་འཕེལ་རྒྱས་ཡིན་ལ། གླེང་སྟེགས་རྩ་འཛུགས་ཨུ་ལྷན་གྱིས་བདམས་ཐོན་བྱུང་བའི་དཔྱད་རྩོམ་གྱི་རྩོམ་པ་པོ་གླེང་སྟེགས་ཁྲོད་དུ་གདན་འདྲེན་བྱེད་རྒྱུ་ཡིན་ལ། ཆེད་རམས་པ་རྩ་འཛུགས་བྱས་ནས་བདམས་ཐོན་བྱུང་བའི་དཔྱད་རྩོམ་ལས་ཕུལ་བྱུང་དཔྱད་རྩོམ་དཔྱད་འདེམས་བྱེད་པ་དང་། བྱ་དགའ་ཐོབ་པའི་དཔྱད་རྩོམ་ལ་ལག་འཁྱེར་སྤྲོད་རྒྱུ་ཡིན་པ་མ་ཟད། བསྡུ་བསྒྲིགས་བྱས་ནས་དཔེ་སྐྲུན་བྱད་རྒྱུ་རེད།།