ཞི་ཅིན་ཕིང་གིས་འཇར་པན་གྱི་ཞུང་པུན་རྫོང་ལ་ས་འགུལ་དྲག་པོ་བྱུང་བར་འཇར་ཕན་གྱི་གོང་མ་མན་རེན་ལ་སེམས་གསོའི་གློག་འཕྲིན་བཏང་།
རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-19
སྤྱི་ཟླ་4པའི་ཚེས་18ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཇར་པན་གྱི་ཞུང་པུན་རྫོང་ལ་ས་འགུལ་དྲག་པོ་བྱུང་བར་འཇར་ཕན་གྱི་གོང་མ་མན་རེན་ལ་སེམས་གསོའི་གློག་འཕྲིན་བཏང་།
ཞི་ཅིན་ཕིང་གིས་ཁྱེད་རྒྱལ་ཁབ་ཀྱི་ཞུང་པུན་རྫོང་དུ་ས་འགུལ་དྲག་པོ་བྱུང་སྟེ་མི་སྣར་ཤི་རྨས་དང་རྒྱུ་ནོར་ལ་གྱོང་གུད་ཚབས་ཆེན་ཐེབས་པར་ངས་ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱི་ཚབ་མཛད་དེ་རྐྱེན་ལམ་དུ་ཤོར་བའི་མི་རྣམས་ལ་སེམས་གཏིང་ནས་མྱ་ངན་དང་རྐྱེན་ལམ་དུ་ཤོར་བའི་ཁྱིམ་མི་དང་རྨས་མར་ལྷག་བསམ་རྣམ་དག་གི་སེམས་གསོ་བྱས་པ་ཡིན། འཇར་པན་མི་དམངས་སྔ་མོ་ནས་དཀའ་སྡུག་ལས་རྒྱལ་ཏེ་ཁྱིམ་གཞི་བསྐྱར་བསྐྲུན་བྱེད་ཐུབ་པའི་སྨོན་འདུན་ཞུས་པ་ཡིན་ཞེས་བསྟན།།