ཞི་ཅིན་ཕིང་གིས་ཨེ་ཁོ་དོར་དུ་ལ་ས་འགུལ་དྲག་པོ་བྱུང་བར་ཨེ་ཁོ་དོར་དུའི་སྲིད་འཛིན་ཁི་ལི་ཡར་སེམས་གསོའི་གློག་འཕྲིན་བཏང་།
རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-19
སྤྱི་ཟླ་4པའི་ཚེས་18ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨེ་ཁོ་དོར་དུ་ལ་ས་འགུལ་དྲག་པོ་བྱུང་བར་ཨེ་ཁོ་དོར་དུའི་སྲིད་འཛིན་ཁི་ལི་ཡར་སེམས་གསོའི་གློག་འཕྲིན་བཏང་།
ཞི་ཅིན་ཕིང་གིས་ཁྱེད་རྒྱལ་ཁབ་ལ་ས་འགུལ་དྲག་པོ་བྱུང་སྟེ་མི་སྣར་ཤི་རྨས་དང་རྒྱུ་ནོར་ལ་གྱོང་གུད་ཚབས་ཆེན་ཐེབས་པར་ངས་ཀྲུང་གོ་སྲིད་གཞུང་དང་མི་དམངས། དེ་མིན་ང་སྒེར་ངོས་ཀྱི་མིང་ཐོག་ནས་རྐྱེན་ལམ་དུ་ཤོར་བ་དག་ལ་མྱ་ངན་དང་རྐྱེན་ལམ་དུ་ཤོར་བའི་ཁྱིམ་མི་དང་རྨས་མར་ལྷག་བསམ་རྣམ་དག་གིས་སེམས་གསོ་ཞུས་པ་ཡིན། སྲིད་འཛིན་སྐུ་ཞབས་དང་ཨེ་ཁོ་དོར་དུ་སྲིད་གཞུང་གི་སྣེ་ཁྲིད་འོག ཨེ་ཁོ་དོར་དུ་མི་དམངས་གནོད་འཚེ་ལས་རྣམ་པར་རྒྱལ་ཏེ་ཁྱིམ་གཞི་བསྐྱར་སྐྲུན་བྱེད་ཐུབ་པར་ང་ལ་ཡིད་ཆེས་ཡོད་ཅེས་བསྟན།།