ལི་ཁེ་ཆང་གིས་འཇར་པན་ཞུང་པུན་རྫོང་ལ་ས་འགུལ་དྲག་པོ་བྱུང་བར་དབུ་བཞུགས་བློན་ཆེན་ཨན་ཕེ་ཅིན་སན་ལ་སེམས་གསོའི་གློག་འཕྲིན་བཏང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-21


  སྤྱི་ཟླ་4པའི་ཚེས་20ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་འཇར་པན་ཞུང་པུན་རྫོང་ལ་ས་འགུལ་དྲག་པོ་བྱུང་བར་དབུ་བཞུགས་བློན་ཆེན་ཨན་ཕེ་ཅིན་སན་ལ་སེམས་གསོའི་གློག་འཕྲིན་བཏང་།
  ལི་ཁེ་ཆང་གིས་ཁྱེད་རྒྱལ་ཁབ་ཀྱི་ཞུང་པུན་རྫོང་ལ་ས་འགུལ་དྲག་པོ་བྱུང་ནས་མི་སྣར་ཤི་རྨས་དང་རྒྱུ་ནོར་ལ་གྱོང་གུད་ཚབས་ཆེན་ཐེབས། ངས་ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱི་ཚབ་མཛད་དེ་སེམས་གཏིང་ནས་སེམས་གསོ་འཚམས་འདྲི་ཞུས་པ་ཡིན། ཁྱེད་རྒྱལ་ཁབ་དང་མི་དམངས་རྣམས་དཀའ་ངལ་ལས་རྒྱལ་ཏེ་ཁྱིམ་གཞི་བསྐྱར་བསྐྲུན་བྱེད་ཐུབ་པར་ང་ལ་ཡིད་ཆེས་ཡོད། ཀྲུང་གོ་ཕྱོགས་ནས་མུ་མཐུད་དུ་གནོད་འཚེའི་གནས་ཚུལ་དང་དོ་སྣང་བྱས་ཏེ་དགོས་ངེས་ཀྱི་རོགས་རམ་འདོན་སྤྲོད་བྱེད་འདོད་ཡོད་ཅེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1