ས་གནས་དེ་གའི་དུས་ཚོད་དེ་ཟླ་བ་4པའི་ཚེས་18ཉིན། 2016ལོའི་ཕུའུ་ལི་ཚེ་བྱ་དགའ་ཐོབ་པའི་མིང་ཐོ་ཉིའུ་ཡུའེ་ཀོ་ལུན་པི་ཡ་སློབ་ཆེན་དུ་ཁྱབ་བསྒྲགས་བྱས་སྟེ། ཨ་རིའི་མཉམ་འབྲེལ་འཕྲིན་གཏོང་ཁང་གིས་ཕུའུ་ལི་ཚེ་སྤྱི་པའི་ཞབས་ཞུ་གསར་འགྱུར་གྱི་བྱ་དགའ་ཐོབ། དེའི་ཁྲོད་དུ་《ཉིའུ་ཡུའེ་ཡི་དུས་ཚོད་ཚགས་པར།》ནང་ཡོ་རོབ་གླིང་གི་སྐྱབས་འཆོལ་པའི་འཇིགས་ཉེན་བརྗོད་པའི་གསར་འགྱུར་པར་རིས་ཁག་ཅིག་གིས་སྐབས་འདིའི་ཕུའུ་ལི་ཚེ་སྐབས་བྱུང་གསར་འགྱུར་པར་རིས་ཀྱི་བྱ་དགའ་ཐོབ་ཡོད།