ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་དགེ་རྒན་བཀྲ་བྷའི་བརྩམས་ཆོས་《སྒྲོལ་མ་ཉེར་གཅིག》
ཉེ་ཆར། ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་སློབ་གླིང་གི་དགེ་རྒན་ཆེན་མོ་བཀྲ་བྷས་བརྩམས་པའི་《སྒྲོལ་མ་ཉེར་གཅིག》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་བསྐྱར་དཔར་ལེགས་འགྲུབ་བྱུང།
དཀར་ཆག
དཀར་ཆག
དེ་ནི་བོད་ཡིག་གི་སྒྲུང་ཐུང་ཡིག་བརྒྱ་མའི་དེབ་ཐོག་མ་ཡིན་ལ། བོད་ཀྱི་སྐྱེས་མའི་བདེ་སྡུག་འབའ་ཞིག་སྒྲུང་གཏམ་ཉེར་གཅིག་ཏུ་བསྡུས་ཏེ་གྲུབ་པའི་མུ་འབྲེལ་སྒྲུང་ཐུང་ཡིག་བརྒྱ་མའི་དེབ་ཅིག་ཀྱང་ཡིན་ཏེ། དེབ་འདི་ཉིད་རྩོམ་པ་པོ་ཁོང་གིས་ལོ་ངོ་ཉེར་གཅིག་གི་སྔོན་དུ་བརྩམས་ཏེ་པར་དུ་བསྐྲུན་ཅིང་། སྐབས་དེར་གདེང་འཇོག་མི་དམན་པ་ཐོབ་པས། ཀུན་གྱིས་དེབ་འདི་བཀྲ་བྷའི་འཐུས་ཚབ་བརྩམས་ཆོས་སུ་བགྲངས་དང་བགྲང་བཞིན་མཆིས། དེབ་དེ་ཉིད་པར་དུ་བསྐྲུན་ནས་ལོ་ངོ་ཉེར་གཅིག་འདས་ཟིན་པའི་དེ་རིང་། བཀྲ་བྷས་སྔོན་གྱི་བོད་ཡིག་རྐྱང་མའི་སྒྲུང་དེབ་དེ་རྒྱ་ཡིག་ཏུ་ལེགས་པར་བསྒྱུར་ཏེ་བོད་རྒྱ་ཤན་སྦྱར་གྱི་ལམ་ནས་《སྒྲོལ་མ་ཉེར་གཅིག》སྤུས་ལེགས་དེབ་ཅིག་ཡང་བསྐྱར་ཀློག་པ་པོ་དག་གི་སྤྱན་ལམ་དུ་ཕུལ་འདུག།