ལི་རྫོང་གིས་འཛམ་གླིང་ཤེས་བྱའི་བདག་དབང་སྲུང་སྐྱོབ་ཀྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ།
ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས།རྔ་བའི་གསར་འགྱུར་དྲ་བ། སྤེལ་དུས། 04-28
སྤྱི་ཟླ་4པའི་ཚེས་26ཉིན་ནི་འཛམ་གླིང་ཤེས་བྱའི་བདག་དབང་གི་ཉིན་མོ་ཡིན། ཉིན་དེར། ལི་རྫོང་གིས་ཚན་རིག་ལག་རྩལ་མཐུན་ཚོགས་དང་རྫོང་ཞིབ་དཔྱོད་ཁང་། རྫོང་རིག་གནས་ལུས་རྩལ་ཅུས། རྫོང་བཟོ་ཚོང་ཅུས་སོགས་སྡེ་ཚན་རྩ་འཛུགས་བྱས་ཏེ་ཚོང་དོན་ལྟེ་གནས་ཀྱི་ཁ་གཏད་དུ་“4·26”ཤེས་བྱའི་བདག་དབང་སྲུང་སྐྱོབ་ཀྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཞིང་། 2016ལོའི་ཤེས་བྱའི་བདག་དབང་བྱེད་སྒོའི་གཟའ་འཁོར་གྱི་འགོ་ཚུགས། བྱེད་སྒོའི་ཁྲོད། ལས་བྱེད་མི་སྣས་ཡུལ་དངོས་མང་ཚོགས་ལ་ཤེས་བྱའི་བདག་དབང་སྲུང་སྐྱོབ་སྐོར་གྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་འབྲེལ་ཡོད་གཏན་འབེབ་དྲིལ་བསྒྲགས་བྱས་ནས། མང་ཚོགས་ཀྱིས་རང་རྟོགས་སྒོས་འདྲ་པར་རྫུན་མ་བཀག་འགོག་གི་འདུ་ཤེས་མཐོར་རུ་བཏང་བ་མ་ཟད། ལུས་ཁམས་བདེ་སྲུང་ཐད་ཀྱི་ཟས་རིགས་བརྡ་ཁྱབ་རྫུན་མ་ཇི་ལྟར་ངོས་འཛིན་བྱ་དགོས་པ་དང་སྨན་རྫས་བརྡ་ཁྱབ་རྫུན་མ་ཇི་ལྟར་ངོས་འཛིན་བྱེད་པ་སོགས་ཀྱི་སྐོར་ནས་དབྱེ་འབྱེད་བྱེད་ཐབས་གསལ་བཤད་བྱས།།