ལི་ཁེ་ཆང་གིས་ཧིན་རྡུ་ཉི་ཞི་ཡའི་མགྲོན་པོ་དང་མཇལ་འཕྲད་གནང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-28


  སྤྱི་ཟླ་4པའི་ཚེས་27ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་པེ་ཅིང་དུ་ཀྲུང་གོར་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་ཙུང་ལི་གཞོན་པ་རིམ་པའི་གྲོས་མོལ་ལམ་ལུགས་ཀྱི་གྲོས་ཚོགས་ཐེངས་ལྔ་པར་ཞུགས་པར་ཕེབས་པའི་ཧིན་རྡུ་ཉི་ཞི་ཡའི་ཆབ་སྲིད་དང་ཁྲིམས་ལུགས། བདེ་འཇགས་ལས་དོན་གཅིག་འགོད་པུའུ་ཀྲང་ལོ་ཧོ་ཐི་དང་མཇལ་འཕྲད་གནང་།
  ལི་ཁེ་ཆང་གིས་དེང་སྐབས་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་འབྲེལ་བར་འཕེལ་རྒྱས་ལེགས་པོར་བྱུང་བར་ཚད་མཐོ་བའི་གདེང་འཇོག་གནང་། ཁོང་གིས་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡ་གཉིས་ནི་མི་གྲངས་ཅུང་མང་བའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་གཉིས་ཡིན་པས་རྒྱ་ཆེ་བའི་ཐུན་མོང་གི་ཁེ་ཕན་དང་འབྲེལ་བའི་གསབ་སྐོང་རང་བཞིན་ཤིན་ཏུ་མཐོ་བར་མ་ཟད། སྦས་ཤུགས་ཆེན་པོ་ལྡན་པ་རེད། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བདེ་ཐང་ངང་བརྟན་བརླིང་སྒོས་འཕེལ་རྒྱས་སུ་ཕྱིན་པར་ཕྱོགས་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཐུབ་པ་དང་། ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་བར་གྱི་འབྲེལ་བར་གལ་ཆེའི་ཤུགས་རྐྱེན་ཐེབས་ཐུཔ་པར་མ་ཟད། ས་གནས་རང་གི་ཞི་བདེ་དང་གཏན་འཇགས་ལ་ཕན་ནུས་གལ་ཆེན་འདོན་པ་དང་ཨེ་ཤ་ཡའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་ཀྱི་ནུས་པ་འདོན་སྲིད། ཀྲུང་གོའི་ཕྱོགས་ནས་ཧིན་རྡུ་ཉི་ཞི་ཡ་དང་མཉམ་དུ་མཐོ་རིམ་འགྲོ་འོང་ལ་ཤུགས་སྣོན་དང་ཕན་ཚུན་གྱི་ཆབ་སྲིད་ཡིད་ཆེས་གོང་འཕེལ་དུ་བཏང་ནས་ཆབ་སྲིད་བདེ་འཇགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་དང་ཁྱབ་ཁོངས་གལ་ཆེན་གྱི་དངོས་དོན་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཏེ་སྔར་ལས་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་འབྱུང་བར་འབད་པ་བྱ་འདོད་ཅེས་བསྟན།
  ལོ་ཧོ་ཐི་ཡིས་ཧིན་རྡུ་ཉི་ཞི་ཡ་ཕྱོགས་ནས་ཀྲུང་གོ་མཉམ་ལས་ཀྱི་མཛའ་མཐུན་འབྲེལ་གལ་ཆེན་ཞིག་ཏུ་བརྩི་བཞིན་ཡོད། ཀྲུང་གོ་ཕྱོགས་དང་མཉམ་དུ་མཛའ་མཐུན་འགྲོ་འོང་གཏིང་ཟབ་ཏུ་སྤེལ་ཞིང་འབྲེལ་འདྲིས་མཐུན་སྦྱོར་ལ་ཤུགས་སྣོན་བྱེད་པ། བདེ་འཇགས་དང་ཉ་ལས་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་དང་མཉམ་ལས་གཏིང་ཟབ་ཏུ་སྤེལ་འདོད་ཅེས་བསྟན།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1