སྡེ་བའི་ལས་བྱེད་པས་རང་འདོད་དུ་ས་ཞིང་བཙོང་བ་དང་ཆོག་མཆན་སྤྲད་ཆོག་གམ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-22


གྱོད་དཔེ།
དྲེལ་ལུང་སྡེ་བའི་ཏང་ཀྲུའུ་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ལས་བྱེད་རྣམས་ཀྱིས་གྲོས་བསྡུར་བརྒྱུད་དེ་ཐག་གཅོད་བྱས་དོན། སྡེ་བའི་ཐུན་མོང་གི་དཔལ་འབྱོར་ཆུ་ཚད་ སྔོན་ཆད་ལས་གོམ་གང་མདུན་སྤོས་སྒོས་འཕེལ་རྒྱས་སུ་འགྲོ་ཆེད། ས་ཞིང་འགན་གཙང་ ལེན་ལེགས་སྒྲིག་བྱེད་དུས། སྡེ་བའི་ལྷོ་ཕྱོགས་སུ་ང་ཚོ་ཁྱིམ་ཚང་འགའ་ལ་ཡོད་པའི་ས་ཞིང་ མུའུ་15དེ་མུའུ་རེར་རིན་གོང་སྒོར་ཁྲི་གཉིས་ཀྱིས་སོ་ཕག་བཟོ་གྲྭ་ཞིག་ལ་བཙོངས་བར་མ་ཟད། གཏིང་ཚད་ལ་སྨིས3གྱི་མཚམས་སུ་ས་བླངས་ཆོག་པའི་ཆོག་མཆན་གནངས་ལ་དུས་ མཚུངས་སུ་གྲོས་མཐུན་ཡི་གེ་ཡང་བྲིས། དོན་འདིར་སྡེ་མི་རྣམས་ཀྱིས་བསམ་འཆར་གང་ མང་བཤད་ཀྱང་སྡེ་བའི་ལས་བྱེད་རྣམས་ཀྱིས་དེ་ལ་ཁ་ཡ་སྤུ་ཙམ་ཡང་མ་བྱས་པས་སྡེ་བའི་ལས་བྱེད་རྣམས་ཀྱི་བྱ་སྤྱོད་དེ་ཁྲིམས་མཐུན་ཡིན་ནམ།

ཁྲིམས་བཤད།
ཁྲིམས་ལྟར་ན།སྡེ་བའི་ལས་བྱེད་དང་ཤང་ངམ་རྫོང་སོགས་ཀྱི་སྲིད་འཛིན་ལས་བྱེད་པས་བཅའ་ཁྲིམས་ཀྱི་གཏན་ཁེལ་དང་འགལ་ཏེ་རང་འདོད་ཀྱིས་ས་ཞིང་ལ་ཆོག་མཆན་ དང་བཙོངས་བ་སོགས་བྱས་མི་ཆོགརང་རྒྱལ《ས་ཞིང་དོ་དམ་བཅའ་ཁྲིམས》ཀྱི་དོན་ཚན་
10པའི་ནང་དུ་དོན་འདི་ལ་གཏན་ཁེལ་གསལ་བོ་བྱས་ཡོད་དེ།ཞིང་བ་ཐུན་མོང་ལ་དབང་བའི་ས་ཞིང་ཁྲིམས་ལྟར་སྡེ་བའི་ཞིང་བ་ཐུན་མོང་ལ་དབང་བ་ཡིན་ལ།སྡེ་བའི་ཐུན་མོང་ དཔལ་འབྱོར་རྩ་འཛུགས་སམ་སྡེ་དམངས་ཨུ་ཡོན་ལྷན་ཁང་གིས་བདག་གཉེར་དང་དོམ་ བྱེད་དགོས། སྡེ་བའི་ནང་གཉིས་ཡན་ཆད་ཀྱི་ཞིང་སྡེའི་ཐུན་མོང་རྩ་འཛུགས་ལ་གཏོགས་ པའི་ཞིང་བ་ཐུན་མོང་ལ་དབང་བའི་ས་ཞིང་། སྡེ་ནང་གི་ཞིང་སྡེའི་ཐུན་མོང་དཔལ་འབྱོར་ རྩ་འཛུགས་སམ་ཞིང་བའི་རྩ་འཛུགས་ཆུང་བས་བདག་གཉེར་དང་དོ་དམ་བྱེད་དགོས།  ཤིང(གྲོང་རྡལ)ལ་གཏོགས་པའི་ཞིང་བ་ཐུན་མོང་ལ་དབང་བའི་ས་ཞིང་།ཤིང་(གྲོང་
རྡལ)ཞིང་སྡེའི་ཐུན་མོང་དཔལ་འབྱོར་རྩ་འཛུགས་ཀྱིས་བདག་གཉེར་དང་དོ་དམ་བྱེད་
དགོས། དོན་ཚན་63པའི་གཏན་ཁེལ་ལྟར་ན། ཞིང་བ་ཐུན་མོང་ལ་དབང་བའི་ས་ཞིང་གི་ བེད་སྤྱོད་དབང་ཆ་གཞན་ལ་བཙོངས་བའམ་བརྒྱུད་སྤྲོད། གཡོར་བ་སོགས་བྱས་ཏེ་ཞིང་ལས་མིན་པའི་འཛུགས་སྐྲུན་བྱེད་དུ་བཅུག་མི་ཆོགདོན་ཚན་36པའི་གཏན་ཁེལ་ལྟར་ན། ཞིང་ སའི་སྟེང་བཟོ་གྲྭ་འཛུགས་སྐྲུན་བྱེད་པ་དང་རང་འདོད་ཀྱིས་ཞིང་སའི་སྟེང་ཁང་བ་ལས་པ།བྱེ་མ་དང་རྡོ། གཏེར་ཁ། ས་སོགས་སྔོག་འདོན་བྱེད་པ་བཀག་འགོག་བྱེད་དགོས། དེ་བས་ དྲེལ་ལུང་སྡེ་བའི་ལས་བྱེད་ཚོའི་བྱ་སྤྱོད་ནི་ཁྲིམས་འགལ་ཡིན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1