ཞི་ཅིན་ཕིང་གིས་ཤེས་ལྡན་མི་སྣ་དང་ངལ་རྩོལ་དཔེ་ལེགས་ཅན། ན་གཞོན་བཅས་ཀྱི་འཐུས་མའི་བཞུགས་མོལ་གྲོས་ཚོགས་ལ་གཙོ་སྐྱོང་མཛད་པར་མ་ཟད་གསུང་བཤད་གལ་ཆེན་གནང་།

ཚེ་དཔལ་གྱིས་བསྒྱུར། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 04-30


 

  ཞིན་ཧྭ་གསར་འགྱུར་ཁང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། སྤྱི་ཟླ་4ཚེས་26ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨན་ཧུའེ་ཧེ་ཧྥེ་ནས་ཤེས་ལྡན་མི་སྣ་དང་ངལ་རྩོལ་དཔེ་ལེགས་ཅན། ན་གཞོན་བཅས་ཀྱི་བཞུགས་མོལ་ཚོགས་འདུར་གཙོ་སྐྱོང་མཛད་པར་མ་ཟད་གསུང་བཤད་གལ་ཆེན་གནང་།  ཁོང་གིས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ལེགས་འགྲུབ་འབྱུང་བ་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་ངེས་པར་དུ་ཤེས་བྱ་དང་ངལ་རྩོལ། རྒྱ་ཆེའི་ན་གཞོན་ལ་བརྟེན་དགོས།  རྒྱ་ཆེའི་ཤེས་ཡོན་ལྡན་མི་སྣ་དང་རྒྱ་ཆེའི་ངལ་རྩོལ་མང་ཚོགས། རྒྱ་ཆེའི་ན་གཞོན་བཅས་ཀྱིས་དུས་རབས་ཀྱི་རྗེས་སུ་འབྲངས་ཏེ། འོས་འགན་ཕྲག་དུ་འཁུར་བ། ཡར་རྒྱས་ལ་བརྩོན་ལེན་བྱས་ནས། རང་ཉིད་ཀྱི་མདུན་ལམ་དང་ལས་དབང་དེ་རྒྱལ་ཁབ་དང་མི་རིགས་ཀྱི་མདུན་ལམ་དང་ལས་དབང་དང་དམ་པོར་སྦྲེལ་ཏེ། ཐུན་མོང་གི་ཕུགས་བསམ་དང་དམིགས་འབེན་མངོན་འགྱུར་བྱེད་པར་ཧུར་ཐག་གིས་མཐུན་སྒྲིལ་དང་འབད་བརྩོན་བྱ་དགོས་ཞེས་བསྟན།

  ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཚབ་མཛད་དེ་རྒྱལ་ཡོངས་ཀྱི་རྒྱ་ཆེའི་ཤེས་ལྡན་མི་སྣ་དང་རྒྱ་ཆེའི་ངལ་རྩོལ་མང་ཚོགས། རྒྱ་ཆེའི་ན་གཞོན་བཅས་ལ་ལྷག་བསམ་རྣམ་དག་གི་འཚམས་འདྲི་དང་། ལྔ་གཅིག་རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་དང་ལྔ་བཞི་ན་གཞོན་དུས་ཆེན་ལ་འཚམས་འདྲི་ཞུས།།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1