2016ལོའི་སྐབས་བཅུ་པའི་སྨན་གླིང་ཨུ་དུམ་སེར་པོ་བོད་ལུགས་སྨན་རྫས་རིག་གནས་ཀྱི་ཡུལ་སྐོར་དུས་ཆེན་དེ་ཟླ་5པའི་ཚེས་28ཉིན་སྤེལ་འགོ་ཚུགས་རྒྱུ་རེད།

རྣམ་དཀར་ལྷ་མོས་བསྒྱུར། རྩོམ་སྒྲིག་པ། རྣམ་དཀར་ལྷ་མོ།ཡོང་ཁུངས།ཀྲུང་གོའི་བོད་ལྗོངས་གསར་འགྱུར་དྲ་བ། སྤེལ་དུས། 05-03


             2016ལོའི་ཟླ་4པའི་ཚེས་28ཉིན་གྱི་སྔ་དྲོར། 2016ལོའི་སྐབས་བཅུ་པའི་སྨན་གླིང་ཨུ་དུམ་སེར་པོའི་བོད་ལུགས་སྨན་རྫས་རིག་གནས་ཀྱི་ཡུལ་སྐོར་དུས་ཆེན་གྱི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་དེ་བོད་ལྗོངས་ཉིང་ཁྲི་ཀོང་པོའི་གཞིས་ཀ་མགྲོན་ཁང་དུ་གཟབ་རྒྱས་ངང་བསྡུས། ཐེངས་འདིའི་ཡུལ་སྐོར་དུས་ཆེན་དེ་2016ལོའི་ཟླ་5པའི་ཚེས་28ཉིན་བོད་ལྗོངས་སྨན་ལུང་རྫོང་ནས་གཟབ་རྒྱས་ངང་སྤེལ་འགོ་ཚུགས་རྒྱུ་རེད། 

             བྱེད་སྒོ་དེ་ཀྲུང་གུང་སྨན་ལུང་རྫོང་ཨུ། སྨན་ལུང་རྫོང་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་དང་། སྨན་ལུང་རྫོང་ཡུལ་སྐོར་ཅུས། སྨན་ལུང་རྫོང་རིག་གནས་ཅུས་ཀྱིས་འགན་སྒྲུབ་བྱས་ཤིང་། བོད་ལྗོངས་ཡུལ་སྐོར་མ་རྐང་ཚད་ཡོད་སྤྱི་གཉེར་ཁང་དང་ནན་ཡུས་ཡུལ་སྐོར་གསར་སྤེལ་ཚད་ཡོད་སྤྱི་གཉེར་ཁང་གིས་རོགས་སྒྲུབ་བྱས་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1