ད་ལོ་ནས་བཟུང་གྲོང་སྡེའི་ཚོད་ལྟ་ཁུལ་1000ལ་ཞིང་གྲོང་སྡོད་ཁུལ་འཛུགས་སྐྲུན་བྱ་རྒྱུ་རེད།

ཚེ་བརྟན་སྒྲོལ་མས་བསྒྱུར། རྩོམ་སྒྲིག་པ།ཚེ་བརྟན་སྒྲོལ་མ།ཡོང་ཁུངས།སི་ཁྲོན་གསར་འགྱུར་དྲ་བ། སྤེལ་དུས། 05-03


             ཉེ་ཆར། ཞིང་ཨུའི་གཞུང་དོན་ཐིང་དང་ཞིང་ཆེན་སྲིད་གཞུང་གི་གཞུང་དོན་ཐིང་གིས་མཉམ་འབྲེལ་གྱིས་《ཞིང་གྲོང་སྡེ་ཁུལ་འཛུགས་སྐྲུན་ཚོད་ལྟའི་ལས་ཀའི་སྐོར་གྱི་ལག་བསྟར་བསམ་འཆར།》སྤེལ། 2016ལོ་ནས་བཟུང་གྲོང་ཁྱེར་རེས་གྲོང་སྡེ་2%རེ་བདམས་ཏེ། རྔ་བ་དང་དཀར་མཛེས། ལའང་ཧྲན་སོ་སོ་རུ་གྲོང་ཚོ་5ནས་15ཡི་བར་བདམས་ཏེ། ཞིང་ཆེན་ཡོངས་སུ་ལོ་རེར་གྲོང་ཚོ་1000གི་གཞི་ཁྱོན་ལྟར་ཞིང་གྲོང་སྡོད་ཁུལ་འཛུགས་སྐྲུན་གྱི་ཚོད་ལྟའི་ལས་ཀ་སྤེལ་དགོས་པའི་བླང་བྱ་བཏོན། 
           རང་རེའི་ཞིང་ཆེན་གྱིས་འཚོལ་ཞིབ་བྱས་ནས་ཞིང་གྲོང་སྡོད་ཁུལ་འཛུགས་སྐྲུན་གྱི་འཕེལ་རྒྱས་ཐེབས་རྩ་འཛུགས་རྒྱུ་དང་། སྤྱི་ཚོགས་ཀྱི་མ་དངུལ་འཛུགས་སྐྲུན་ཁྲོད་ཟབ་ཞུགས་བྱེད་པར་སྣེ་ཁྲིད་བྱ་དགོས་པ་མ་ཟད། མཉམ་སྡེབ་དཔལ་འབྱོར་གྱི་ཁེ་ཕན་བགོ་བཤའི་ལམ་སྲོལ་འཐུས་ཚང་དུ་གཏོང་རྒྱུ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1