༄༅།། སྐྲ་ཚོས་ལས་བྱུང་བའི་གནོད་འཚེ་ཁྱེད་ཀྱིས་ཤེས་སམ།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 05-04


1.སྐྲ་ཚོས་རྒྱག་ཐེངས་ག་ཚོད་ཀྱིས་ཉུང་ཡང་དེ་རྩིས་ཀྱིས་ཡག་པ་ཡོད།    ལོ་གཅིག་གི་ནང་སྐྲ་ཚོས་རྒྱག་རྒྱུ་ཐེངས་མ་གཉིས་ལས་བརྒལ་རྒྱུ་མེད་པ་དང་སྐྲ་ཚོས་རྒྱག་སྐབས་གསར་དུ་སྐྱེས་པའི་སྐྲའི་མཚམས་སུ་བྱུགས་དགོས།

2.ཡུན་རིང་མ་འབུད་པའི་སྐྲ་ཚོས་རྒྱག་རྒྱུ་མེད།    ཡུན་རིང་མ་འབུད་པའི་སྐྲ་ཚོས་རྒྱག་རྒྱུར་དགའ་བའི་འཛད་སྤྱོད་པས་རབ་བྱུང་ན་ཚོས་གཞི་ཤུགས་ཆེན་པོ་མེད་པའི་སྐྲ་ཚོས་རྒྱག་ན་འཚམས་པོ་ཡོད།   གང་ལགས་ཅེས་ན་ཚོས་གཞི་ག་ཚོད་ཀྱིས་ནག་ཀྱང་དེ་རྩིས་ཀྱིས་དུག་ཤེད་ཆེ་བ་ཡོད་པས་སྤྱིར་བཏང་བྱས་ན་སྐྲ་ཚོས་བྱུགས་ནས་ཉིན་གསུམ་བཞི་ཙམ་སོང་འཚམས་སུ་སྐྲ་བཀྲུ་སྐབས་ཚོས་འབུད་པ་དེ་གནས་སྐབས་རང་བཞིན་གྱི་སྐྲ་ཚོས་ཡིན་པ་དང་།  སྐྲ་ཚོས་བརྒྱབ་ནས་གཟའ་འཁོར་གཅིག་ནས་གཉིས་བར་སོང་འཚམས་ཚོས་འབུད་པ་དེ་ཅུང་ཡུན་གནས་ཀྱི་སྐྲ་ཚོས་ཡིན་པས་སྐྲ་ཚོས་དེ་གཉིས་ལ་དུག་ནུས་དེ་ཙམ་ཆེན་པོ་མེད་པ་དང་།  སྐྲ་ཚོས་བརྒྱབ་ནས་སྤྱིར་བཏང་གཟའ་འཁོར་གཉིས་ཡན་ཆོད་ཚོས་མི་འབུད་པའི་རིགས་ནི་ཡུན་རིང་སྐྲ་ཚོས་ཡིན་པས་དེར་དུག་ཤེད་ཆེ་བས་ཚོས་དེ་རིགས་རྒྱག་རྒྱུར་ཡིད་གཟབ་བྱ་དགོས།   

3.སྐྲ་ཚོས་མི་གཅིག་པ་གཉིས་མཉམ་དུ་བེད་སྤྱོད་བྱ་མི་རུང་།    སྐྲ་ཚོས་མི་གཅིག་པ་གཉིས་མཉམ་དུ་སྤྱད་ན་དེ་གཉིས་དུག་ལྡན་གྱི་དངོས་པོ་གཞན་ཆགས་ཀྱི་ཡོད་པས་ཡིད་གཟབ་བྱེད་དགོས།

4.མགོ་བོའི་སྟེང་རྨ་འབྲས་དང་།   པགས་ནད་རུལ་འགྱུར།    སྐྲ་ཚོས་མི་འཕྲོད་པ་སོགས་ཀྱི་སྣང་ཚུལ་ཡོད་མཁན་གྱིས་སྐྲ་ཚོས་རྒྱག་མི་རུང་།   གལ་ཏེ་སྐྲ་ཚོས་བརྒྱབ་པའི་དབང་དུ་བཏང་ནའང་ངེས་པར་དུ་འཕྲོད་མི་འཕྲོད་ཀྱི་ཚོད་ལྟ་བྱ་དགོས་ཏེ། སྐྲ་ཚོས་སྨན་ཆུ་དེ་རྣ་ཅོག་གཉིས་ཀྱི་རྒྱབ་ཏུ་བྱུགས་ནས་ཉིན་གཉིས་ཀྱི་ནང་ཚུན་དུ་ཟ་ཁྲུག་ལངས་པ་དང་མི་བདེ་བ་སོགས་ཀྱི་སྣང་ཚུལ་མེད་ན་བཀོལ་སྤྱོད་བྱ་ཆོག   གཞན་ཡང་ཁྲག་ཤེད་མཐོ་བ་དང་།  སྙིང་ནད་ཡོད་མཁན།  དེ་བཞིན་ཕྲུ་གུར་འོ་མ་སྟེར་བཞིན་པའི་བུད་མེད་དང་སྦྲུམ་མས་སྐྲ་ཚོས་རྒྱག་མི་རུང་།

5.སྐྲ་ཚོས་མ་བརྒྱབ་གོང་དཔྲལ་བའི་སྟེང་ཞག་ཚིལ་ཕྲན་བུ་བྱུགས་ན་སྐྲ་ཚོས་འགོས་ནའང་དག་བདེ་པོ་ཡོད།

6.སྐྲ་ཚོས་བརྒྱབ་རྗེས་ཐེངས་འགའ་ཤས་ཆུ་བཤལ་བཏང་ནས་སྐྲ་ཚོས་སྨན་ཆུའི་སྙིགས་རོ་སྐྲའི་སྟེང་མ་ལུས་པ་བྱེད་དགོས་པ་དང་སྐྲ་འཁྲུད་སྐབས་སེན་མོས་མགོའི་པགས་པར་རྨ་མི་བཟོ་བ་བྱེད་དགོས།

7.སྐྲ་ཚོས་ཉོ་སྐབས་རྒྱལ་ཁབ་བདེ་འཇགས་རང་བཞིན་གྱི་ཚད་གཞི་ཁས་ལེན་ཐོབ་པའི་ཐོན་རྫས་འདེམས་ཉོ་བྱེད་དགོས་པ་དང་བཅས་སོ།།



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1